ལོ་ལྔའི་རིང་བོད་ལྗོངས་སུ་གྲོང་རྡལ་ཅན་དུ་འགྱུར་ཚད32%བར་མཐོ་རུ་ཕྱིན་པ།

139718658_16123506159701n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གུང་དཀར་གནམ་གྲུ་ཐང་བར་གྱི་གཞུང་ལམ་རྒྱུད་དུ་གནས་པ་དང་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ9ཙམ་ལས་མེད་པའི་གདོང་དཀར་སྡེ་ཁུལ་གྱིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྣེ་ཁྲིད་འོག་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། 2020ལོར་སྡེ་ཁུལ་གྱི་ཐུན་མོོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི4050ལ་སླེབས་པའི་ཁྲོད་སྒོར་ཁྲི1000ལྷག་ཙམ་མང་ཚོགས་ཀྱི་ལོ་མཇུག་གི་ཡོང་འབབ་བགོ་བཤའ་རྒྱག་པའི་ཐད་བེད་སྤྱོད་བྱས་པ་དང་། ད་དུང་ཁག་གཅིག་སྡོད་དམངས་ཀྱི་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་སྤྲོད་པའི་ཐད་སྤྱད་པ་རེད། དེང་སྐབས་གདོང་དཀར་སྡེ་ཁུལ་གྱིས་རྡོ་ཟེག་བཟོ་གྲྭ་དང་། སྐྱེལ་འདྲེན་རུ་ཁག ཚོང་ཁང་བོགས་གཏོང་སོགས་ཀྱི་ཐོན་ལས་ལ་བརྟེན་ནས་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་སྡེ་ཁུལ་དུ་གྱུར་ཡོད།

139718658_16123506021441n.jpg

འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་རེད།

ལོ་ལྔའི་རིང་བོད་ལྗོངས་ཀྱི་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་དང་ཁྱབ་གདལ་སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་གྲོང་རྡལ་གྱི་ནུས་པ་ཉིན་བཞིན་འཐུས་ཚང་དུ་སོང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་འགོར་བོད་ལྗོངས་སུ་གྲོང་རྡལ་ཅན་དུ་འགྱུར་ཚད27%ཙམ་ལས་མེད་པ་དང2020ལོར32%བར་མཐོ་རུ་ཕྱིན་པས་ལྗོངས་ཡོངས་སུ་གྲོང་རྡལ་གྱི་མི་འབོར་ཁྲི107ལྷག་ཙམ་ཟིན་ཡོད། ཁྱབ་བསྒྲགས་བྱས་ཟིན་པའི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལྟར་འབྱུང་འགྱུར་ལོ་ལྔའི་ནང་བོད་ལྗོངས་སུ་གྲོང་རྡལ་ཅན་དུ་འགྱུར་ཚད40%ལས་བརྒལ་རྒྱུ་ཡིན་པ་རེད།

མིག་སྔར་བོད་ལྗོངས་སུ་ལྷ་ས་ལྟེ་གནས་སུ་བྱེད་པ་དང་གྲོང་ཁྱེར(ས་ཁུལ)གནས་ཡུལ་རྟེན་གཞིར་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་དྲ་མིག་ཡིན་པའི་གྲོང་རྡལ་གྱི་མ་ལག་རགས་ཙམ་གྲུབ་ཡོད། བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞིའི”འཆར་འགོད་ནང་ལྷ་སའི་ལྟེ་བའི་འཕར་སྣེ་སྟོབས་ཇེགཆེར་བཏང་ནས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གལ་ཆེན་དང་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་ས་ཁོངས་ལྟེ་གནས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། དུས་ཚོད་གསུམ་རིང་གི་དཔལ་འབྱོར་ཚོམས་གཏད་དེ་ལྷ་ས་ལྟེ་བར་བྱས་ནས་གཞིས་ཀ་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་གདལ་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།

139718658_16123506022161n.jpg

འདི་ནི་ཁྲོན་བོད་གཞུང་ལམ་འགྲམ་གྱི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་རེད།

ཆེད་མཁས་པ་མང་པོས་གསར་འགོད་པར་གྲོང་རྡལ་ཅན་ནི་འབྱུང་འགྱུར་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕར་གཞི་གལ་ཆེན་ཡིན་པར་བསྟན། ངོ་སྤྲོད་བྱས་པར་གཞིགས་ན། གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཚོང་འགུག་དངུལ་འདྲེན་དང་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་སོགས་བརྒྱུད་སྒོར་དུང་ཕྱུར86བཏང་ནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ26འཛུགས་སྐྲུན་བྱས་པ་དང་། དཀྱིལ་ཐང་དང་ཆུ་ཚན་ཁ་སོགས་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་དང་། ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས། སྤྲོ་གསེང་དང་མཐའ་མཚམས་ཚོང་དོན་ཟོག་འགྲེམས་མཉམ་འདྲེས་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐོར་གཅིག་བསྐྲུན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།