ལོ་ལྔའི་ནང་བོད་ལྗོངས་སུ་ཚོང་འགུག་དངུལ་འདྲེན་བྱས་ནས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར2535ལ་སླེབས་པ།

139717491_16123181445821n.jpg

འདི་ནི་ལག་རྩལ་མི་སྣས་གཞིས་ཀ་རྩེ་གྲོང་ཁྱེར་ཅང་ཏང་དེང་རབས་སྐྱེ་ཁམས་ཐོན་ལས་དཔེ་སྟོན་གླིང་དུ་ཀྲའོ་ཝ50ཟིན་པའི་འོད་གསོག་གློག་ཁང་གི་གློག་མཐུད་སྲུང་སྐྱོང་ཁང་དུ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་གནས་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ཚོང་འགུག་དངུལ་འདྲེན་གྱི་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ཏེ་ཁྲལ་བསྡུ་དང་། དངུལ་རྩ། ས་ཞིང་སོགས་ཚོང་འགུག་དངུལ་འདྲེན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དོན་ཚན52བཏོན་པས་རྣམ་གྲངས་དོན་འཁྱོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ལྔའི་རིང་བོད་ལྗོངས་སུ་ཚོང་འགུག་དངུལ་འདྲེན་བྱས་ནས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར2535ལ་སླེབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་གི་ལྡབ2.4ཡིན་པ་རེད།

མང་ཚོགས་སྔར་བས་མང་བོར་གཏན་འཇགས་ཀྱི་ལས་ཀ་དང་ཡོང་འབབ་ཡོད་པ་དེ་ཞིང་ཆེན་གཞན་གྱི་ཁེ་ལས་ཀྱིས་མ་དངུལ་དང་ལག་རྩལ་གཏོང་བར་མཐོང་ཆེན་བྱས་པར་རག་ལས་ཡོད། 2018ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཚོང་འགུག་དངུལམ་འདྲེན་གྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནས་བཟུང་། བོད་ལྗོངས་ཀྱི་ས་ཁུལ་ཁག་གིས་བོད་སྐྱོར་ལས་དོན་རུ་ཁག་དང་ལག་གདང་སྦྲེལ་ནས་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་དང་མྱུར་ཚད་མཐོ་རུ་བཏང་སྟེ་རྣམ་གྲངས་དོན་འཁྱོལ་བྱེད་པའི“མཇུག་མཐའི་ལེ་བར་གཅིག”ཤར་གཏོང་བྱས།

139717491_16123181446451n.jpg

འདི་ནི་ར་འོག་རྒྱལ་སྤྱིའི་སྒར་སའི་ལྟེ་གནས་སུ་ལས་དོན་མིས་ཁང་པའི་ནང་གཙང་སྤྲ་བྱེད་བཞིན་པའི་ཚུལ་རེད།

2018ལོའི་ཟླ9པར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཞི་པའི་རིང་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས108ལ་མིང་རྟགས་བཀོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར540བཏང་བ་དང་། 2019ལོའི་ཟླ8པར་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་འདུ་ཚོགས་ཐོག་རྣམ་གྲངས31ལ་དངོས་སུ་མིང་རྟགས་བཀོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར143བཏང་། 2020ལོའི་ཟླ9པར་བོད་ལྗོངས་ཀྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་འདུ་ཚོགས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཉེར་ཞིང་། རྣམ་གྲངས12ལ་མིང་རྟགས་བཀོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར46བཏང་བ་རེད། 2019ལོའི་ཟླ7པར་བོད་ལྗོངས་སུ་ཡོང་བ་ནས་བཟུང་ཧྲན་ཏུང་ཞིང་ཆེན་གྱི་སྐོར་དགུ་བའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་དངུལ་འདྲེན་བྱས་པའི་རྣམ་གྲངས40ནང་འདྲེན་བྱས་པ་དང་། དངོས་སུ་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར13.8ལ་སླེབས་པ་རེད།

139717491_16123181570101n.jpg

ཁེ་ལས་སྔར་བས་མང་བོ་རི་ཀླུང་ཁྲི་སྟོང་བརྒལ་ཏེ“འཛམ་གླིང་ཡང་རྩེའི”ཕྱོགས་སུ་ཡོང་ནས་མ་དངུལ་འཇོག་པ་དང་ཐོན་ལས་དར་རྒྱས་སུ་བཏང་སྟེ། གནའ་བོའི་ས་མཐོའི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། ཐོན་ལས་ཁྱབ་ཚུལ་ལེགས་འགྱུར། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་ལ་རམ་འདེགས་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།