གཞིས་ཀ་རྩེའི་ཁྲལ་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་བསྡུའི་འགན་ནུས་ཀྱི་ནུས་པར་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པོ་སྲུང་བ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ“གློད་སྡོམ་ཞབས”གསུམ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱས་པ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་ནས“གསེར་ཁྲལ་དུས་ཐེངས་གསུམ་པ”དངོས་སུ་སྤྱོད་མགོ་བརྩམས་པ་དང་། “གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ” རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་བསྒྱུར། སྒེར་གྱི་ཐོབ་ཁྲལ་བཅོས་བསྒྱུར། སྤྱི་ཚོགས་འགན་བཅོལ་གྱི་རིན་དང་ཁྲལ་བསྡུ་མིན་པའི་ཡོང་འབབ་བསྡུ་ལེན་གྱི་འགན་འཁྲི་གཞན་སྒྱུར་སོགས་དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་གྱི་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁྲལ་བསྡུ་ཡོང་འབབ་སྒོར་དུང་ཕྱུར105དང་། སྤྱི་ཚོགས་འགན་བཅོལ་གྱི་རིན་སྒོར་དུང་ཕྱུར4.21། འཕྲི་གཅོག་བྱས་པའི་ཁྲལ་ཡོན་སྒོར་དུང་ཕྱུར26.6བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་བསྣན་ཡོད་པ་རེད།

གཞན་ཡང་། ཁྲལ་དོན་སྡེ་ཚན་བོད་ལྗོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྲོད་ཧུར་ཐག་ཞུགས་པ་དང་། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་དང་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི142མངགས་ཏེ་རྨང་བརྟན་དམངས་ཕན་ལས་དོན་གཏིང་ཟབ་སྤེལ་བ་དང་། བསྡོམས་པས་དངོས་ཟོག་ཞལ་འདེབས་བརྒྱབ་པའི་རིན་ཐང་བསྡོམས་པས་སྒོར་ཁྲི55ལ་སླེབས་པ། སྒོར་ཁྲི93བཏང་ནས་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས7ལག་བསྟར་བྱས་པ། བཅའ་སྡོད་བྱ་ཡུལ་གྱི་སྲིད་འཛིན་གྲོང་ཚོ8ཀྱི་དབུལ་ཞྭ་ཕུད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁྲལ་དོན་སྡེ་ཚན་གྱི་འགན་འཁྲི་ཁུར་སེམས་དང་ནུས་པ་དངོས་མཚོན་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།