དགུན་དུས་ཀྱི་བོད་བྱང་ཐང་མཐོ་སྒང་གི་འབྲོག་པའི་འཚོ་བ།

༡.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པའི་གཞིས་ཆགས་ས་ཚིགས་སུ་བྱིས་པ་ཚོས་བརྙན་འཕྲིན་ལ་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་བྱང་ཐང་མཐོ་སྒང་ནི་བོད་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་ཟིན་པས“འཛམ་གླིང་ཡང་རྩེའི”“ཡང་རྩེ”ཞེས་བརྗོད་ཀྱིན་ཡོད། དགུན་དུས་ཀྱི་བོད་བྱང་ཐང་མཐོ་སྒང་དུ་ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་གནམ་གཤིས་ཞན་པས་མངའ་ཁོངས་སུ་མི་མང་པོ་མེད། བོད་བྱང་ཐང་གི་གནམ་མཚོ་ཤང་ཇ་དཀར་གྲོང་ཚོ་ནི་གནམ་མཚོ་ཕྱུག་མའི་འགྲམ་ངོགས་སུ་གནས་ཤིང་། སྔོན་ཆད་དེ་གར་འཚོ་གནས་བྱེད་པའི་མཐོ་སྒང་གི་འབྲོག་པས་རྩྭ་ཆུ་བཟང་སར་ཕྱུགས་རིགས་སྤོ་འཚོ་བྱས་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པས་དགུན་དུས་དེ་བས་དཀའ་སྡུག་ཆེན་པོ་ཡིན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་བསྒྱུར་བཀོད་དང་། འབྲོག་པའི་གཞིས་ཆགས་ལས་གཞི། དབུལ་སྐྱོར་གནས་སྤོར་བཅས་གཙོ་གནད་དུ་བྱས་པའི་རོང་འབྲོག་པའི་བདེ་སྡོད་ལས་གཞི་ལག་བསྟར་བྱས་པས་མཐོ་སྒང་གི་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་ཕུགས་འདུན་མངོན་འགྱུར་བྱུང་།

༢.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པ་བསྟན་འཛིན་བློ་བཟང་གིས་དགུན་དུས་གཞིས་ཆགས་ས་ཚིགས་སུ་ཇ་སྐོལ་བཞིན་པ།

༣.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པ་བསྟན་འཛིན་བློ་བཟང་གིས་དགུན་དུས་གཞིས་ཆགས་ས་ཚིགས་སུ་སྦྲ་གུར་བཟོ་བའི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ།

༤.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པ་བསོད་ནམས་ཆོས་འཛོམས་ཀྱིས་མར་གསར་བ་འགྲེམ་སྟོན་བྱེད་བཞིན་པ།

༥.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པ་བསྟན་འཛིན་གྱིས་རང་ཁྱིམ་དུ་སྣམ་བུ་འཐག་བཞིན་པ།

༦.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པས་ལྕི་བ་འཐུ་བཞིན་པ།

༧.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་བྱིས་པ་ཞིག་གིས་ཉི་མ་སྲོ་བཞིན་པ།

༨.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་འབྲོག་པས་རྩྭ་ཐང་དུ་ཕྱུགས་འཚོ་བཞིན་པ།

༩.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོར་འབྲི་གཡག་ཁྱིམ་དུ་འདེད་བཞིན་པ།

༡༠.jpg

འདི་ནི་བོད་བྱང་ཐང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་བྱིས་པ་ཚོ་ཁང་བའི་འགྲམ་དུ་རྩེད་འཇོར་རོལ་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།