ནག་ཆུ་གྲོང་ཁྱེར་གྱིས་སྒྲིག་གཞི་ལེགས་བཅོས་བྱས་ཏེ་ཐོན་ལས་དར་རྒྱས་སུ་བཏང་།

8fad1459-5042-4756-b2b1-8f5816ae9c20.jpg

འདི་ནི་ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་བཟོ་བས་འོ་མའི་ཐོན་རྫས་སྐམ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནི་གྲང་ངར་ཆེ་བའི་ཕྱུགས་ལས་རྐྱང་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་ཕྱུགས་ལས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོར་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཕྱུགས་ལས་ཐོན་ལས་ཀྱི་སྒྲིག་གཞི་རྒྱུན་མ་ཆད་པར་ལེགས་བཅོས་བྱས་པ་དང་སྣེ་ཁྲིད་ཁེ་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣེ་ཁྲིད་ཁེ་ལས་དང་ཞིང་དུད། རྟེན་གཞི་བཅས་བར་གྱི་འབྲེལ་བ་ནུས་ལྡན་ངང་སྲ་བརྟན་དུ་བཏང་བ་དང་། རྩ་འཛུགས་ཅན་གྱི་ཚད་གཞིའི་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་སུ་བཏང་ནས་རིན་གོང་ཁ་གསབ་ཀྱི་བྱེད་ཐབས་ཡག་པོར་སྤྱད་དེ། ལག་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྣེ་ཁྲིད་ཁེ་ལས་དང་འབྲོག་དུད་བར་ཐོན་སྐྱེད་དང་མཁོ་སྤྲོད། ཕྱིར་ཚོང་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཆགས་རྒྱུར་གཙོ་གནད་ངང་རྒྱབ་སྐྱོར་བྱས་པས་འབྲོག་པར་འབབ་འཕར་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།