གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ལས་དོན་གཏིང་ཟབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་སྐྲུན་པ་དང་མཛེས་སྡུག་ལྡན་པའི་གཞིས་ཀ་རྩེ་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པའི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་པ་རེད།

《ལག་བསྟར་ཇུས་གཞིའི》ནང2025ལོར་གསར་སྐྲུན་དང་སྐུལ་འདེད་གཏོང་བའི་དུས་མཚམས་ཡིན་ཞིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྫོང(ཆུས)18ཚང་མ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་སྐྲུན་པའི་ཚད་གཞིར་ལོན་རྒྱུ་ཡིན་པ་རེད། 2021ལོར་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་རྒྱལ་ཁའི་ངང་གསར་བཏོད་བྱ་རྒྱུ་བརྩོན་ལེན་བྱེད་པའི་རྨང་གཞིའི་ཐོག་གཞིས་ཀ་རྩེ་གྲོང་ཁྱེར་དང་གྲོ་མོ་རྫོང་གི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་གསར་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་རེད། བསམ་གྲུབ་རྩེ(ཆུས)དང་། རིན་སྤུངས། ཁང་དམར། གམ་པ། དིང་རི། ས་དགའ་བཅས་རྫོང(ཆུས)6རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་དུ་གཏོད་རྒྱུ་ཡིན་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཤང(གྲོང་རྡལ)གཏོད་ཚད50%ཟིན་རྒྱུ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)གཏོད་ཚད80%ཟིན་པར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གསར་གཏོད་རྟེན་གཞི་འཚོལ་ཞིབ་དང་གསར་གཏོད་བྱ་རྒྱུ་ཡིན་པར་གསལ་བོ་བསྟན་ཡོད།

2026ལོ་ནས2030ལོའི་བར་ནི་ཕྱོགས་ཡོངས་ནས་གསར་གཏོད་བྱེད་པའི་དུས་མཚམས་ཡིན་ཞིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཚང་མ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང(ཆུས)ཀྱི་ཚད་གཞིར་ལོན་རྒྱུ་ཡིན་པ་དང་། ཉུང་མཐའ་ཡང་རྫོང3ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གི་མཚན་སྙན་འཐོབ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཚང་མ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། ཤང(གྲོང་རྡལ)80%རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཤང་དང་གྲོང་རྡལ་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། གྲོང་ཚོ(གྲོང་ལྷན)90%ཡན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དཔེ་སྟོན་རྟེན་གཞི2ནས3འཚོལ་ཞིབ་དང་གསར་གཏོད་བྱ་རྒྱུ་ཡིན་པ་རེད།

2031ལོ་ནས2035ལོའི་བར་ནི་སྲ་བརྟན་མཐོར་འདེགས་གཏོང་བའི་དུས་མཚམས་ཡིན་ཞིང་། གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་རྒྱལ་ཁབ་རིམ་པའམ་ཡང་ན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་སྐྲུན་པའི་ཚད་གཞི་ཕྱོགས་ཡོངས་ནས་ལོན་པའི་རྨང་གཞིའི་ཐོག་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།