འབྲི་ཆུའི་ངོགས་ཀྱི་གསར་བརྗེའི་དྲན་ཤེས།

—— བོད་ཀྱི་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ་སྐམ་ཐོག་གྲོང་ཚོ་བཙལ་འཚོལ་བྱེད་པ།

5cf8a4e5-a5ae-4f29-8578-955cbdfb9dcf.jpg

འདི་ནི་དམག་སྡེ་བཅོ་བརྒྱད་པས་བོད་ཞི་བས་བཅིངས་འགྲོལ་བཏང་བར་དྲན་གསོ་ཞུ་ཆེད་བསྐྲུན་པའི་བརྐོས་བརྙན་ཡིན་པ།

ཆབ་མདོ་ནས་རྡོག་ཐོན་བྱས་ཏེ་དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་བཅུ་གཉིས་པའི་གཡོན་ལམ་དཔུང་སྡེ་བོད་དུ་སྐྱོད་པའི་ལམ་ཐིག་འདེད་ནས་ལ་ཀླུང་མང་པོ་བརྒལ་ཏེ་སྔས་ལ་རི་བོའི་ཕུག་ལམ་བརྒྱུད་ཤར་ཕྱོགས་སུ་བསྐྱོད།

ལམ་བར་དུ་ཆུ་ཚོད་5ཙམ་བསྐྱོད་རྗེས་གསར་འགོད་པ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་འབྱོར།ལམ་བར་རི་མཐོ་གཡང་གཟར་དང་། ནགས་ཚལ་སྟུག་པོ་བརྒྱུད་དེ་གསར་འགོད་པ་མུ་མཐུད་སྐམ་ཐོག་གྲོང་ཚོར་བསྐྱོད།

གྲོང་ཚོར་སླེབས་ཉེར་ཡོད་པའི་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི“བོད་ཀྱི་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”ཞེས་པའི་སྒོ་བྱང་བཀལ་བའི་རྒྱལ་སྒོ་དེ་ཡིན་ཞིང་། རྒྱལ་སྒོའི་གཡོན་ངོས་སུ་བརྐོས་པའི་དར་དམར་ཆེན་པོ་གསུམ་དང་དེ་བཞིན་སྟེང་གི་དམག་སྡེ་བཅོ་བརྒྱད་པ་བོད་དུ་ཡོང་སྐབས་དང་བོད་ཀྱི་མི་དམངས་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུ་བའི་རི་མོ་ལས་མི་ཚོར་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་དེ་ཡིད་ལ་འཆར་དུ་འཇུག་པ་དང་རྒྱལ་སྒོའི་གཡོན་ངོས་ཀྱི་འགྱིང་ངེར་གནས་པའི་མཁར་རྫོང་དེས་སྐར་ལྔའི་དར་དམར་ཐེངས་དང་པོ་སྒྲེང་ཡུལ་གྱི་བོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་དེ་བརྟན་སྲུང་བྱེད་པ་ལྟར་སྣང་།

གྲོང་ཚོར་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་བུ་བརྒྱུད་ང་ཚོས་གཞུང་ལམ་གྱི་གཡས་ངོས་ནས་གཙང་འགྲམ་དུ་བསྐྲུན་པའི“ལོ་རྒྱུས་ཀྱི་བར་ཁྱམས”--“སྐམ་ཐོག་གི་དམག་སྡེ་བཅོ་བརྒྱད་པའི་གྲུ་ཁའི་གསར་བརྗེའི་ཤུལ་རྙིང་སྤྱི་གླིང”མཐོང་བྱུང་། དམག་སྡེ་བཅོ་བརྒྱད་པས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བར་དྲན་གསོ་ཞུ་ཆེད་བསྐྲུན་པའི་འཇིམ་བརྐོས་དེ་ལས་དམག་སྡེ་བཅོ་བརྒྱད་པས་ཀོ་གྲུ་བཏང་ནས་གཙང་པོ་བརྒལ་བ་དང་། ཁལ་གཡག་གིས་དངོས་རྫས་དབོར་བ། ཚེ་སྲོག་ལ་བརྟེན་ནས་ལམ་བུ་བཤངས་པ་བཅས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱས་པའི་ལོ་རྒྱུས་དེ་མཚོན་ཐུབ། འགྲོ་མཚམས་བཞག་སྟེ་འཇིམ་བརྙན་དེར་ཞིབ་ཕྲ་ལྟ་སྐབས་དཔའ་ཆ་དོད་པའི་གཟུགས་སྟོབས་དང་བློ་རྩེ་གཅིག་སྒྲིམ་གྱི་མིག་མདངས་ལས་དམག་སྡེ་བཅོ་བརྒྱད་པའི་དཔའ་མཛངས་རྟུལ་ཕོད་དང་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འབུངས་བྱེད་པའི་དཔའ་ཉམས་མཚོན་པ་དང་། ཁོང་ཚོའི་ཁྲག་དྲོན་འདོན་ཕོད་ལ་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་སྙིང་སྟོབས་དེར་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་མཆིས།

འབྲི་ཆུ་ཉིན་མཚན་དབྱེར་མེད་དུ་མདུན་ཕྱོགས་སུ་ལང་ལོང་དུ་རྒྱུག་པ་དང་སྐམ་ཐོག་གྲོང་ཚོའང་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་ཡོད།

དེས་ན་བོད་རྙིང་པའི་སྐབས་སྐམ་ཐོག་གྲོང་ཚོའི་མི་ཚོ་རི་ཁུག་ལས་དོན་པའི་འགྲོ་ལམ་དབེན་འཇམ་ངང་དལ་བུར་རྒྱུག་པ་ལྟར་སྣང་མོད། དོན་དངོས་ཐོག་དྲག་ཏུ་རྒྱུག་པའི་འབྲི་ཆུས་བཀག་པ་དང་རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་ཡུལ་དེའི་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དབང་འཕྲོག་བཅོམ་བྱས།

ལོ་ངོ་70ཡི་གོང་གི་སྟོན་དུས་ཤིག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གི་སློབ་སྟོན་དང་བོད་སྐྱོད་མཛད་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བརྟན་པོ་ངེས་ཏེ། བོད་ས་གནས་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱ་རྒྱུ་ཁས་མ་བླངས་པ་དང་འབྲི་ཆུའི་ངོགས་སུ་དམག་མི་བཀོད་སྒྲིག་བྱས་པའི་གནས་ཚུལ་འོག་འབྲི་ཆུ་མྱུར་དུ་བརྒལ་རྒྱུའི་སེམས་ཐག་བཅད། ལོ་རྒྱུས་ཀྱི་དཔྱད་གཞིར་འཁོད་པ་ལྟར་ན། སྐབས་དེ་དུས་མདུན་ངོས་ནས་བཀག་འགོག་བྱེད་པའི་ལས་འགན་འཁུར་མཁན་ནི་དམག་སྡེ་བཅོ་བརྒྱད་པའི་གཡོན་ལམ་དཔུང་སྡེ་ཡིན་པ་དང་། དམག་སྡེའི་མྱུལ་ཞིབ་སྒར་གྱི་སྒར་དཔོན་སུའུ་ཐུང་ཆིང་དང་དམག་སྡེའི་ཐད་གཏོགས་ཆབ་སྲིད་པུའི་ཀྲུའུ་རེན་ཝང་ཏ་ཤོན་གྱིས་བཀོད་འདོམས་བྱས་ཏེ། སྐམ་ཐོག་གྲོང་ཚོའི་ཁ་སྤྲོད་ཀྱི་སྡེ་དགེ་གྲོང་གསར་གྱི་གསེར་ཆུ་གཙང་པོ་དང་འབྲི་ཆུ་འདྲེས་མཚམས་ཀྱི་གཡོན་ངོས་ནས་བོད་དམག་ལ་ཕར་རྒོལ་བྱས།

བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བའི་དུང་བརྡ་དང་པོ་དེ་གར་གྲགས་པ་དང་སྦྲགས་དེ་གར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཐེངས་དང་པོ་ལྷབ་ལྷུབ་ཏུ་གཡོ་བ་དང་ཆབས་ཅིག ཆབ་མདོར་བཅིངས་འགྲོལ་བཏང་། བཅིངས་འགྲོལ་བཏང་བ་ལས་ལོ་ངོ་སྟོང་ཕྲག་རིང་བཅིངས་པའི་འཆིང་རྒྱ་གཏོར་བ་དང་བོད་ཀྱི་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་པ་ཕྱེ་ནས་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་ཀྱི་འཇུར་མིག་རིམ་བཞིན་བསལ་ཐོག་དཔལ་འབྱོར་དང་རིག་གནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དེ་གར་འཚོ་བ་སྐྱེལ་བའི་མི་ཚོས་ཤར་ནས་འབྲི་ཆུ་བརྒལ་བ་དང་ནུབ་ནས་སྔས་ལ་རི་བོ་བརྒལ་ཏེ་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་ལམ་བུ་ཞིག་བཏོད།

འབྲི་ཆུའི་ངོགས་སུ་སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡུང་ཧུང་གིས་གསར་འགོད་པར་སྐམ་ཐོག་གྲོང་ཚོའི་རི་ཆུ་ཀླུང་གསུམ་དུ་ཁྱབ་པའི་གསར་བརྗེའི་དྲན་ཤེས་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་སྐམ་ཐོག་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད། དེས་ན་དེ་གར་འཚོ་བ་སྐྱེལ་བའི་མི་ཚོས་ཐོག་མཐའ་བར་གསུམ་དུ“གསར་འབྱེད་ཡར་བརྩོན་དང་དཀའ་ངལ་ལ་མི་སྐྲག་པར་མདུན་སྐྱོད་བྱེད་པའི”སྙིང་སྟོབས་རྒྱུན་འཛིན་བྱས་པས། མི་རྣམས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕྱོགས་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད།

སྐམ་ཐོག་གྲོང་ཚོས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་ཤི་རྒྱུར་མི་སྐྲག་པ་དང་མཚོན་ནགས་མདེལ་ཆར་ལ་མ་འཛེམ་པར་གྲུ་གཟིངས་གཏོང་བཞིན་མདུན་ཕྱོགས་སུ་ཤོར་བ་དང་འབྲི་ཆུའི་བྱེ་ཐང་ཁྲག་གིས་འཚོས་ཤིང་། རང་སྲོག་བློས་གཏོང་བར་མི་སྐྲག་པའི་ཞུམ་པ་མེད་པའི་སྙིང་སྟོབས་བདེན་དཔང་བྱས་པ་དང་། སྐམ་ཐོག་བས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་འོག་མཐུན་སྒྲིལ་འབད་འཐབ་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་བདེན་དཔང་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།