ཆབ་མདོ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི“སྐབས་གཉིས་པའི་མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཕུལ་བྱུང་ལག་ལེན་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་བྱ་འགུལ”གྱི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ།

a1842743-fde6-4a57-8937-ac623b89cb49.jpg

འདི་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྣ་མཁར་ལྷ་མོ་ཚོགས་པས་ལྷ་མོའི་ཟློས་གར་འཁྲབ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱབ་སྐྱོར་འོག2020ལོའི་སྐབས་གཉིས་པའི“མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”ཕུལ་བྱུང་ལག་ལེན་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་གྱི“མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱ་འགུལ་ལ་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཕུལ་བྱུང་ལག་ལེན་དཔེ་མཚོན་འཚོལ་བསྡུ་འགྲེམས་སྟོན་བྱ་འགུལ”གྱི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད།

མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“མངོན་མིན་ཤུལ་བཞག་རིག་གནས་ཁྲོད་ཀྱི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ལ་ཁྱབ་གདལ་གཏོང་བའི”རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས2017ལོར་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བརྒྱུད་དེ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ཆབ་མདོའི་སྐོར་བྲོ་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་པི་ཝང་ཞབས་བྲོ། སྨར་ཁམས་ཀྱི་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་བྲག་གཡབ་བྱམས་མདུན་གྱི་ལྷ་མོའི་ཟློས་གར་དང་། རི་བོ་ཆེའི་རི་པ་དགོན་གྱི་གླིང་བྲོ་དང་། རྫོང་དང་ཆུས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་གོ་འཇོའི་བྲོ། འཇོ་མདའ་ཡི་ཕུ་རིང་ཞབས་བྲོ་བཅས་ཆབ་མདོའི་ས་གནས་ཁྱད་ཆོས་ལྡན་པའི་གླུ་གར་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས8སྒྲིག་བཟོ་དང་བསྡུ་སྒྲིག་བྱས་པས། བོད་ཤར་རྒྱུད་ཀྱི་གླུ་གར་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱང་བསྒྲགས་ལུས་རྩལ་ཞིག་ཏུ་གྱུར་ཡོད།

མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱང་བསྒྲགས་ལུས་རྩལ་སྒྲིག་ཚར་རྗེས། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ལས་སྒོའི་རྐང་འཛིན་པ་དང་རྒྱུན་འཛིན་པ26ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས11དང་གྲོང་ཁྱེར་ཐད་གཏོགས་ཀྱི་སློབ་གྲྭ་སོ་སོར་མངག་གཏོང་བྱས་ཏེ་དགེ་སློབ་མི500ལྷག་ལ་གསོ་སྦྱོང་སྤེལ་བ་མ་ཟད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱང་བསྒྲགས་ལུས་རྩལ་སྦྱོང་བའི་འོད་སྡེར1500འགྲེམས་གཏོང་བྱས་ནས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱང་བསྒྲགས་ལུས་རྩལ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཁྱབ་གདལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་།

རྒྱང་བསྒྲགས་ལུས་རྩལ་གྱི་གོ་རིམ་སྒྲིག་ཚར་རྗེས་ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མཐོ་འབྲིང་སློབ་གྲྭ4དང་། དམའ་འབྲིང་སློབ་གྲྭ17 སློབ་ཆུང་སློབ་གྲྭ200ལྷག་ལ་ཁྱབ་གདལ་དུ་བཏང་བ་དང་། སློབ་གྲྭའི་དགེ་སློབ་ནང་དུ་ཞུགས་པའི་མི་གྲངས་ཁྲི12ལྷག་ལ་སླེབས་ཡོད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱང་བསྒྲགས་ལུས་རྩལ་གྱི་འཁྲབ་སྟངས་ཚད་ལྡན་དུ་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གིས་རྒྱང་བསྒྲགས་ལུས་རྩལ་གྱི་འགྲན་བསྡུར་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།