ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་བ་མི་ཐེངས་ཁྲི140ལྷག་སྐྱེལ་འདྲེན་བྱ་རྩིས་ཡོད།

W020210129359998214120.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་དཔྱིད་གསར་སྐྱེལ་འདྲེན་མགོ་བརྩམས་ཤིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་གཞིར་བཟུང་། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ1པོའི་ཚེས28ཉིན་ནས་ཟླ3པའི་ཚེས8ཉིན་བར་ཡིན་པ་དང་། དུས་ཡུན་ཉིན40ཡི་ནང་འགྲུལ་བ་མི་ཐེངས་ཁྲི140སྐྱེལ་འདྲེན་བྱ་རྩིས་ཡོད་པ་རེད། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་མཚོ་བོད་སྡེ་ཚོགས་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ། སྤ་སེ་འཚོང་བ་དང་སྤ་སེ་ཕྱིར་སློག་པའི་ཞབས་ཞུར་ལེགས་སྒྲིག་འོས་འཚམ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ་ཚ་བ་རྒྱས་པའི་འགྲུལ་བར་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་ནས་ས་གནས་ཀྱི་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་དུས་ཐོག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཏུ་དངོས་ཟོག་སྐྱེལ་འདྲེན་གྱི་རིམས་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། ནང་འདྲེན་འཁྱགས་ཉར་ཟས་རིགས་སྐྱེལ་འདྲེན་འགག་སྒོའི་འགག་སྒྲོལ་འཛིན་ཡིག་སོགས་ཞིབ་དཔྱད་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

W020210129359998392589.jpg

ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་བའི་དགོས་མཁོར་གཞིགས་ནས་མཚོ་བོད་སྡེ་ཚོགས་ཀུང་སིས་འགྲུལ་བ་གཅིག་སྡུད་ཡིན་པའི་ཟི་ལིང་ནས་ན་གོར་མོ་བར་དང་། ཟི་ལིང་ནས་ལྷ་ས་བར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་བཏང་བ་དང་། ན་གོར་མོ་ནས་གཏེར་ལེན་ཁ་སོགས་འགྲུལ་བ་མང་བའི་ཕྱོགས་སུ་དུས་ཐོག་ཏུ་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཡོད།

རྒན་རྒོན་དང་དྲ་བར་ཞུགས་མི་ཤེས་པའི་ཚོགས་སྤྱིར་ཞབས་འདེགས་ཡག་པོ་ཞུ་ཆེད། མཚོ་བོད་སྡེ་ཚོགས་ཀུང་སིས་སྒེའུ་ཁུང་ནས་སྤ་སེ་འཚོང་བ་དང་། མིའི་ཐབས་ཀྱིས་ཞབས་ཞུའི་ཁྲིད་སྟོན། མིའི་ཐབས་ལ་བརྟེན་ནས་སྤ་སེ་ཞིབ་བཤེར་བྱེད་པ་བཅས་བྱས་པ་མ་ཟད། སྒེའུ་ཁུང་ཚང་མ་ནས་ལག་དངུལ་གྱིས་སྤ་སེ་ཉོས་ཆོག 12306མ་ལག་གིས་ལོ60ཡན་གྱི་རྒན་རྒོན་འགྲུལ་བར་རང་འགུལ་ངང་མེ་འཁོར་ཉལ་ཁྲི་འོག་མ་བཀོད་སྒྲིག་བྱས་ནས་རྒན་རྒོན་སོགས་དམིགས་བསལ་གཙོ་གནད་འགྲུལ་བའི་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།