“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཚན་རྩལ་ཡར་ཐོན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་བར་བྱས་རྗེས་བཞག་ཚད45.6%ལ་སླེབས་པ།

W020210130333540406691.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཚན་རྩལ་གསར་གཏོད་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་བོད་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་བར་བྱས་རྗེས་བཞག་ཚད45.6%སླེབས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཚད55%སླེབས་པ་དེ་སོ་སོར“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ལས5.6%དང10%འཕར་ཡོད།

བོད་ལྗོངས་ས་མཐོའི་སླར་སྐྱེས་ཐུབ་པའི་ནུས་རྒྱུའི་དྲོད་མཁོ་འདོན་གྱི་འགག་རྩའི་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་བྱས་པ་དེས་རོང་འབྲོག་མང་ཚོགས་ཀྱིས་ཉི་ནུས་ལ་བརྟེན་ནས་དྲོད་ལེན་པ་མངོན་འགྱུར་བྱུང་། 2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཡོངས་སུ་ཉི་ནུས་ལ་བརྟེན་ནས་དྲོད་མཁོ་འདོན་བྱས་པ་དང་། ད་ལྟ་ཉི་ནུས་ཀྱི་དྲོད་ལེན་སྒྲིག་ཆས་མང་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་སྤྱད་པས་སྣ་དཀར་རྩེ་རྫོང་ཡང་གཞི་ཁྱོན་ཅན་གྱི་ཉི་ནུས་སྤྱོད་པའི“ས་ཁོངས་ཀྱི་དཔེ་སྟོན་ཁུལ”དུ་གྱུར་ཡོད།

W020210130333540588528.jpg

“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་བོད་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་སྡེ་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་མཐོའི་དགོས་མཁོ་དང་མཐུན་པའི་ཚན་རྩལ་གྲུབ་འབྲས་མང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱོད་མགོ་བརྩམས་པ་རེད།

ལོ5ཡི་རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཚན་རྩལ་འཆར་འགོད་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར16.3དོན་འཁྱོལ་དང་བཀོད་སྒྲིག་བྱས་པའི་ཁྲོད་ཞིང་ཕྱུགས་ལས་ཀྱི་ནོར་སྲིད་ཚན་རྩལ་མ་འཇོག་གིས་ནོར་སྲིད་ཚན་རྩལ་མ་འཇོག་ཧྲིལ་པོའི་ཁྲོད་བཟུང་བའི་བསྡུར་གྲངས60%ལས་བརྒལ་ཡོད།

ལོ5ཡི་རིང་བོད་ལྗོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྒོར་དུང་ཕྱུར12ལས་བརྒལ་བ་དང་། ཆེད་ཁེའི་རེ་ཞུ་དང་དབང་བཅོལ་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ། མི་ཁྲི་རེར་གསར་གཏོད་ཀྱི་ཆེད་ཁེ་དབང་ཚད0.94ནས2.11(ཚོད་དཔག་བསྡོམས་འབོར)བར་མང་དུ་ཕྱིན་པ། བསྡོམས་པས་བོད་རང་སྐྱོང་ལྗོངས་སུ་ཚན་རྩལ་ལག་རྩལ་བྱ་དགའ80དཔྱད་འདེམས་བྱས་ཡོད།

W020210130333540652482.jpg

བོད་ལྗོངས་ཀྱིས་ད་དུང་ཚན་རྩལ་ལས་སྟེགས་དང་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མིག་སྔའི་བར་ལྗོངས་ཡོངས་སུ་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང1དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང4།  རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་ཚོད་ལྟ་ཁུལ1 རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང1བཅས་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས37སོགས་སྐྲུན་ཡོད།

“‘ལོ་ལྔའི་འཆར་གཞི་བཅུ་གསུམ་པའི’རིང་། ང་ཚོས‘བོད་ནས་ཨང16པ’སོགས་ནས་སོན་སྣ་ཁ་གསར་པ10དང་དེ་བཞིན‘བོད་ཀྱི་དགུན་གྲོ་ཨང26པ’སོགས་ལོ་ཏོག་སོན་གསར་ཁག་གཅིག་འདེམས་གསོ་བྱས་ཏེ། རྒྱལ་ནང་གི་ནས་ཀྱི་སོན་སྣ་གཙོ་བོའི་མཛོད་ཐོག་མ་དེ་སྐྲུན་པ་དང་ནས་དང་འབྲི་གཡག་གི་གཞི་རྒྱུ་རྒྱུད་སྤེལ་གྱི་རི་མོ་ཐོག་མར་བཀོད་པ་སོགས་ལག་རྩལ་གྱི་དཀའ་གནད་རེ་རེ་ཚད་བརྒལ་བྱུང་བ་མ་ཟད། དམངས་འཚོར་ཡང་ཕན་པ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་དེ་ལྟར་བཤད། །

W020210130333539961532.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།