“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གྲངས་འབོར་ལྡབ1.3འཕར་བ།

W020210127379979727147.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ལས་གཏོད་ལས་སྒྲུབ་ཀྱི་སྟབས་བདེ་ཚད་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་གྲངས་འབོར་ཁྲི36.5སླེབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ལས་ལྡབ1.3འཕར་བ་དང་ལོ5ཡི་རིང་ཆ་སྙོམས་ཉིན་རེར་ཁྲོམ་རའི་བྱེད་པོ115ཙམ་འཕར་ཡོད་པ་རེད།

W020210127379979776475.jpg

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་གཞོན་པས“བདག་དམར་གཡང”རྒུན་ཆང་འགྲེམས་སྟོན་བྱེད་བཞིན་པ། 

2019ལོར་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་ཕྲན་གྲོང་ཚོར་ས་ཁྱོན་མུའུ600ཟིན་པའི་གསོ་སྤེལ་ཐོན་ལས་དང་། ཉིན་གང་གི་འབྲུ་རིགས་དང་གཟན་ཆས་ཐོན་སྐྱེད། སྐམ་ཤ་དང་ལུག་ཤ་ལས་སྣོན་ཞིབ་ཚགས་བྱས་ནས་ཕྱིར་འཚོང་བྱེད་པ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ཧྲིལ་པོའི་འཁོར་སྦྲེལ་གྱི་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་ཆེ་གྲས་ཏེ། གཞིས་ཀ་རྩེ་ལས་རིགས་སྣ་འཛོམས་ཞིང་ཞོར་ཐོན་ཟོག་ཚད་ཡོད་ཀུང་སི་ཆགས་ཡོད།

ཁེ་ལས་རྒྱལ་ཁའི་ངང་གཉེར་མགོ་བརྩམས་པ་དེས་ས་གནས་དེ་གའི་འབྲོག་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་པ་མ་ཟད། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཐབས་ལམ་གསར་པ་མཁོ་འདོན་ཡང་བྱས་ཡོད། མིག་སྔར་ཁེ་ལས་དེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས240མཁོ་འདོན་བྱས་པ་དང་། ལས་གནས་ཐོག་གི་མི་རེར་ཆ་སྙོམས་ལོ་རེར་གླ་ཕོགས་སྒོར་ཁྲི6ལྷག་ཙམ་ཟིན་ཡོད། དེའི་ནང་ལས་གནས་མི་ཉུང་བ་ཞིག་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་མཁོ་འདོན་བྱས་པ་རེད།

“ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ས་གནས་དེ་གའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ཁེ་ལས་དེར་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ཏེ་ལས་སྒྲུབ་ཐད་སྟབས་བདེ་མང་པོ་བསྐྲུན་པས་རྣམ་གྲངས་དེ་སྔ་སྣུར་དོན་ཐོག་ཏུ་འཁྱོལ་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་མ་ཟད། དུས་ཚོད་ཐུང་ཤོས་ནང་དབུལ་པོར་སྣེ་ཁྲིད་དང་དབུལ་པོ་ཉུང་གཏོང་གི་ནུས་པའང་འདོན་སྤེལ་ཐུབ་ཡོད”ཅེས་ཁེ་ལས་གསར་འཛུགས་བྱེད་པའི་བརྒྱུད་རིམ་སྐོར་གླེང་སྐབས་ཀུང་སི་དེའི་ཏུང་ཧྲི་ཀྲང་ལིའུ་ཝེ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

W020210127379979795733.jpg

2018ལོའི་ཟླ9པའི་ཚེས7ཉིན་ལས་བཟོ་པས་བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་བྱ་བ་སྒྲུབ་བཞིན་པ།

ལས་རིགས་སྣ་འཛོམས་ཀྱི་ཞིང་ཞོར་ཐོན་ཟོག་ཚད་ཡོད་ཀུང་སིའི་ཉམས་མྱོང་ནི་ཁྲོམ་རའི་བྱེད་པོ་མང་པོ་ཞིག་གིས་བོད་ལྗོངས་ཀྱི་སྟབས་བདེའི་སྲིད་དོན་ཞབས་ཞུ་ལོངས་སུ་སྤྱད་པའི་བསྡུས་རིས་ཙམ་ཞིག་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་སྒྲུབ་ལྷུ་ཚིགས་སྟབས་བདེ་དང་ཡིག་ཐོག་སྙན་ཞུའི་དཔྱད་གཞི་ཉུང་དུ། ལས་སྒྲུབ་དུས་ཚོད་ཐུང་དུ། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་བཅས་བཏང་བར་མ་ཟད། ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

W020210127379979810969.jpg

ཞིབ་མཆན་འགོད་པའི་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། ས་ཁུལ(གྲོང་ཁྱེར)ཁག་གི་ཅུས་ལ་དམིགས་བསལ་སྒྲིག་ཆས་ཀྱི་སྲིད་འཛིན་ཆོག་འཐུས་རྣམ་གྲངས18གཤམ་སྤྲོད་བྱས་པ་དང་། ཁེ་ལས་ཀྱི་ལས་སྒྲུབ་དུས་ཚོད་ལས་དུས་ཀྱི་ཉིན4ཡི་ནང་ཚུན་དུ་ཐུང་དུ་བཏང་བ། “དྲ་ཐོག་ནས་རེ་ཞུ་དང་། དྲ་ཐོག་ནས་བདག་སྤྲོད། དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས། དྲ་ཐོག་ནས་པར་བསྐུར་བ། དྲ་ཐོག་ནས་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ”བཅས་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་དང་། ལྗོངས་ཡོངས་སུ་གློག་རྡུལ་ཅན་བེད་སྤྱོད་བྱེད་ཚད95%ཟིན་པ་དང་། གནས་ཐང་འཕར་ཁྲལ་གྱི་བཅོས་སྒྱུར་གཏིང་ཟབ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ནས་བསྡོམས་པས་ཁྲལ་འཕྲི་ཡོན་གཅོག་སྒོར་དུང་ཕྱུར1050བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།