ལོ་ལྔའི་རིང་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་པས་ཏུན་ཁྲི500ལས་བརྒལ་བ།

139704802_16118353498871n.jpg

འདི་ནི་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཁ་གཏད་ཀྱི་གསེར་མདོག་གི་གྲོ་ཞིང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2020ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི103ལ་སླེབས་ཤིང་བསྟུད་མར་ལོ6རིང་ཏུན་ཁྲི100ཡན་རྒྱུན་འཁྱོངས་ཐུབ་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བསྡོམས་པས་འབྲུ་རིགས་ཐོན་ཚད་ཏུན་ཁྲི521.99ཟིན་ཡོད། གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་ཚད་ཏུན་ཁྲི83ཟིན་ནས2015ལོ་དང་བསྡུར་ན་ཏུན་ཁྲི12.15འཕར་སྣོན་བྱུང་ཡོད།

འབྲུ་རིགས་ཐོན་ཚད་མཐོ་རུ་གཏོང་ཆེད། བོད་ལྗོངས་ཀྱིས་དུས་རབས20པའི་ལོ་རབས60པ་ནས་བཟུང་ནས་སོན་སྣ་འདྲེས་སྦྱོར་བྱེད་མགོ་བརྩམས་པ་དང་། དུས་རབས21པར་སླེབས་རྗེས་བོད་ལྗོངས་ཀྱིས་རྨོ་ཞིང་སྒྱུར་བཀོད་དང་། སོན་བཟང་ཁྱབ་གདལ། ལག་རྩལ་འདེགས་སྐྱོར་སོགས་ཀྱི་ཐད་དམིགས་ནས་འབྲུ་རིགས་ཀྱི་རང་ངོས་འགན་ལེན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་། 

139704802_16118353500141n.jpg

འདི་ནི་ལྷ་ས་སྐྱིད་ཆུའི་རྒྱུད་ཀྱི་ནས་ཞིང་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས“ཁ་གསབ་རོགས་དངུལ་ཁག་གསུམ”བསྡུ་སྒྲིལ་བྱས་ནས་བསྡོམས་པས་སྒོར་དུང་ཕྱུར8ཙམ་བཏང་སྟེ་ཞིང་པར་རྨོ་ཞིང་གི་ས་གཤིས་ཇེ་ལེགས་སུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཤིང་། འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང35གཙོ་གནད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་ནང་ཁུལ་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་བརྟན་བརླིང་ངང་འཕར་བར་འགན་ལེན་བྱས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་། གྲོ་རིགས་ལོ་ཏོག་གི་སོན་བཟང་ཁྱབ་གདལ། ནད་འབུའི་གནོད་འཚེ་ལ་ལྗང་མདོག་སྔོན་འགོག་ཚོད་འཛིན་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། མིག་སྔར་བསྡོམས་པས་སྒོར་དུང་ཕྱུར45བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི225འཛུགས་སྐྲུན་བྱས་ཡོད། ལོ་ལྔའི་རིང་གྲོ་རིགས་ལོ་ཏོག་གི་སོན་བཟང་མུའུ་ཁྲི1069ཁྱབ་གདལ་བཏང་བའི་ནང་དུ་ནས་ཀྱི་སོན་བཟང་ཁྱབ་ཚད2015ལོའི85%ནས2020ལོའི90%ཡན་བར་མཐོ་རུ་ཕྱིན་ཡོད།

139704802_16118353500701n.jpg

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཟུར་མཁར་གྲོང་ལྷན་གྱི་གྲོང་མིས་ནས་བརྔ་བསྡུ་བྱེད་བཞིན་པ།

མཚོ་བོད་ས་མཐོའི་ལོ་ངོ་སྟོང་གི་སྲོལ་རྒྱུན་རྨོ་འདེབས་བྱེད་སྟངས་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད། 2020ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི691.5ཟིན་ནས2012ལོའི་ལོ་མཇུག་ལས་ཆན་ཝ་ཁྲི227.5འཕར་བ་དང་ལྗོངས་ཡོངས་སུ་ཞིང་འཕྲུལ་མཉམ་ལས་ཁང170དང་ཞིང་ལས་ཆེད་ལས་མཉམ་ལས་ཁང1086ཡོད་པ་རེད། མུའུ་རེའི་འབྲུ་རིགས་ཐོན་ཚད2015ལོའི་སྤྱི་རྒྱ374.94ནས2020ལོའི་སྤྱི་རྒྱ387.33བར་མཐོ་རུ་ཕྱིན་ཡོད།

ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཀྱི་འབྲུ་རིགས་མཁོ་སྤྲོད་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པ་བྱུང་ཡོད། རྗེས་མར་ནས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་འབྲུ་རིགས་ཀྱིས་བཟའ་འབྲུའི་དགོས་མཁོ་སྐོང་བ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྔར་བས་རོགས་རམ་གང་ལེགས་བྱ་རྒྱུ་རེད།

139704802_16118353074101n.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།