བོད་ལྗོངས་མཁར་རུ་གྲོང་ཚོའི་དབུལ་ཐར་གྱི་འཚོ་བ་གསར་བ།

༡.jpg

འདི་ནི་མཁར་རུ་ཤང་དུ་བསྐྱོད་པའི་ལམ་རྒྱུད་ཀྱི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་བོད་ལྗོངས་སྲིད་གཞུང་ལས་དོན་སྙན་ཞུའི་ནང་མངོན་པར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་བོད་ལྗོངས་ཀྱིས་བསྡོམས་པས་ཐོན་ལས་དབུལ་སྐྱོར་རྣམ་གྲངས3037ལག་བསྟར་བྱས་པ་དང་རིགས་སོ་སོའི་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར466.55དོན་འཁྱོལ་བྱས་ཏེ། དབུལ་སྐྱོར་ཐོན་ལས་བརྒྱུད་དེ་ཚགས་བཙུགས་བྱང་སྒྲིག་གི་མང་ཚོགས་དབུལ་པོ་ཁྲི23.8དབུལ་ཐར་ཡོང་བར་སྣེ་ཁྲིད་བྱས།

༢.jpg

འདི་ནི་ལོ་ངོ་སྟོང་ཕྲག་འགོར་བའི་སྟར་སྡོང་ཞིག་རེད།

དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་པའི་ཚུན་དང་ལྷག་པར་དུ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་གནད་ཁེལ་དབུལ་སྐྱོར་གྱི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས་གྲུབ་འབྲས་འབུར་ཐོན་བླངས། དེའི་ནང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོ་འདི་ཉིད་དེ་སྔོན་ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པའི་ལུང་ཤུར་ཞིག་ཡིན་ལ། དེང་སྐབས་ཀྲུང་གོའི་སྤྲོ་གསེང་གྲོང་གསེབ་ཡག་པོར་བདམས་པ་མ་ཟད། དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཀྱང་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད། 

༣.jpg

འདི་ནི་མཁར་རུ་གྲོང་ཚོའི་གྲོང་མི་བདེ་ཆེན་པད་སྒྲོན་རེད།

ཞིམ་མངར་ལྡན་པའི་ཆང་འཐུང་བ་དང་། ཟས་ཞིམ་པོ་ཟ་བ། མཛེས་ལྗོངས་ཡག་པོར་ལྟ་བ་བཅས་ཕུད། ཡུལ་སྐོར་བས་ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་ལྟེ་གནས་ནས་ལྷ་མོའི་ཟློས་གར་གྱི་གདོང་འབག་དང་། བོད་སྤོས་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ཉོས་ཆོག་པ་རེད། མཁར་རུ་གྲོང་ཚོའི་དམངས་སྲོལ་དང་ཡུལ་སྲོལ་རོལ་མྱོང་ཁུལ་གྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྟར་སྡོང་དང་། བོད་ཁྱིམ་གྱི་མགྲོན་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་བཅས་ལ་བརྟེན་ནས་མི་རྣམས་ལ་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་མཐོང་དུ་བཅུག་པ་དང་ས་གནས་དེ་གའི་མང་ཚོགས་སྔར་བས་མང་བོ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པ་བྱུང་།

༤.jpg

འདི་ནི་མཁར་རུ་གྲོང་ཚོའི་ཁམ་བུ་འཐོག་སའི་གླིང་རེད།

མཁར་རུ་གྲོང་ཚོའི་ཁམ་བུ་འཐོག་ས་གླིང་གིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཚོས་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ལ་བརྟེན་ནས་འབབ་འཕར་ཡོང་བའི་བསམ་ཕྱོགས་ལ་འགྱུར་ལྡོག་བྱུང་སྟེ་དེང་རབས་ཅན་གྱི་འདེབས་འཛུགས་ཚན་རྩལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཕྱུག་པོ་ཆགས་རྒྱུར་སྐུལ་མ་ཐེབས་ཡོད། དེང་སྐབས་ཀྱི་མཁར་རུ་གྲོང་ཚོ་འདི་ཉིད་རྒྱལ་ལམ318འགྲམ་རྒྱུད་ཀྱི་མང་ཚོགས་རྣམས་བདེ་སྡོད་ཕྱུག་འགྱུར་བྱེད་སའི་ཞིང་ཁམས་སུ་གྱུར་ཡོད།

༥.jpg

འདི་ནི་མཁར་རུ་གྲོང་ཚོའི་ཁམ་བུ་ར་བའི་ནང་གི་སྡོང་བོ་རེད།

ལོ་ངོ་སྟོང་ཕྲག་མང་པོའི་རིང་ལྷུང་ལྷུང་དུ་བཞུར་བའི་ཆུ་ཚན་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་མཁར་རུ་གྲོང་ཚོས་ཆུ་ཚན་གྱི་ས་ཚིགས་བསྐྲུན་པ་དང་དེ་ཉེ་འདབས་ཀྱི་མང་ཚོགས་དང་ཡུལ་སྐོར་བའི་ཁམས་གསོ་དང་སྤྲོ་གསེང་བྱེད་པའི་གནས་མཆོག་ཏུ་གྱུར།

༦.jpg

འདི་ནི་ཆུ་ཚན་ས་ཚིགས་རེད།

༧.jpg

འདི་ནི་ཆུ་ཚན་ས་ཚིགས་སུ་ལས་ཀ་བྱེད་བཞིན་པའི་འཇིགས་མེད་རེད།

ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དམིགས་ནས་གྲོང་གསེབ་ཡུལ་སྐོར་དང་། སྒྲིག་བཀོད་ཞིང་ལས། རིག་གནས་གསར་གཏོད། སྤྲོ་གསེང་ཞབས་ཞུའི་རྣམ་གྲངས་བཅས་འཛུགས་སྐྲུན་བྱས་ཏེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་སྣ་མང་ཅན་མངོན་འགྱུར་བྱུང་བ་དང་། མཁར་རུ་ཤང་འདི་ཉིད་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་གནད་ཁེལ་དབུལ་ཐར་གྱི་ལམ་བུ་ཞིག་ཏུ་བསྐྱོད་པ་རེད། མཁར་རུ་གྲོང་ཚོ་ནི་ཀྲུང་གོའི་གྲོང་གསེབ་དར་སྤེལ་གྱི་བསྡུས་རིས་ཤིག་ཡིན་པས་འབྱུང་འགྱུར་གྱི་གྲོང་གསེབ་སྔར་བས་མང་བོར་འཕེལ་རྒྱས་ཀྱི་བར་སྟོང་དེ་བས་ཆེ་བ་ཡོད་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུའི་ཡིད་ཆེས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།