བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་ཐོག་མ་བཙུགས་པ།

W020210128631949240803.jpg

འདི་ནི་ཆབ་མདོའི་མཐོ་གསར་ཁུལ་གྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཚན་རྩལ་པུའུ་ཡིས2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཆབ་མདོའི་མཐོ་གསར་ཁུལ་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་འདི་ཉིད་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་དུ་གཏན་འཁེལ་བྱས་པ་དེ་ནི་བོད་རང་སྐྱོང་ལྗོངས་སུ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་ཐོག་མ་ཡིན། 

ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་འདི་ཉིད་ཆབ་མདོའི་མཐོ་གསར་ཁུལ་གྱི་ཚན་རྩལ་གསར་གཏོད་ཀྱི་གཞི་རྟེན་གྲས་ཀྱི་གཅིག་ཡིན་པའི་ཆ་ནས་ས་མཐོའི་ཚན་རྩལ་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་ཁེ་ལས་ཀྱི་ཆེད་ལས་གསོ་སྐྱོང་གླིང་གཏོད་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཁེ་ལས་པ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཞིབ་འཇུག་གསར་སྤེལ་དང་། ཚོད་ལྟ།  གཞུང་ལས། གཉེར་སྐྱོང་བཅས་བྱ་ཡུལ་དང་སྒྲིག་ཆས། དེ་བཞིན་བཅའ་ཁྲིམས་དང་ནོར་སྲིད། མ་དངུལ་མཉམ་འཇོག ཁྲོམ་ར་ཁྱབ་གདལ་སོགས་ཐད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་གསར་གཏོད་གྲུབ་འབྲས་དང་། ལག་རྩལ་ཆེད་མཁས་པ། ཐོན་ལས་མ་དངུལ་བཅས་གཅིག་ཏུ་འདུས་པའི་མཉམ་ལས་གསར་གཏོད་སྟེགས་བུ་བསྐྲུན་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་དུ་གསོ་སྦྱོང་བྱེད་བཞིན་པའི་ཁེ་ལས46ཡོད་པ་དང་། བསྡོམས་རྩིས་བྱས་ན་གསོ་སྐྱོང་བྱས་ཟིན་པའི་ཁེ་ལས17ཡོད་པའི་ནང་སྐྱེ་དངོས་ལག་རྩལ་ཁྱབ་ཁོངས་ཀྱི་ཁེ་ལས11ཡོད་པ་དང་ལས་རིགས་འདུས་ཚད67.8%ཟིན་ཡོད་ཅིང་། ཆེད་ཁེ་རེ་ཞུ་བྱས་པའི་གསོ་སྐྱོང་ཁེ་ལས་ཀྱིས34.78%ཟིན་ཡོད་དེ། ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་གསོ་སྐྱོང་གླིང་གིས་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

W020210128631949278451.jpg

འདི་ནི་ཆབ་མདོའི་མཐོ་གསར་ཁུལ་གྱི་རྣམ་པ་རེད།

རྗེས་མར་ཆབ་མདོའི་མཐོ་གསར་ཁུལ་གྱིས་སྲིད་ཇུས་ཀྱི་ཁོར་ཡུག་ཇེ་ལེགས་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཚན་རྩལ་གསོ་སྐྱོང་སྒྲིག་གཞི་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། གསོ་སྐྱོང་གི་བྱེད་ནུས་ཆེ་རུ་བཏང་སྟེ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་དབུལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།