བོད་ལྗོངས་ཀྱི་བདམས་ཐོན་པར་རྒྱལ་ཡོངས་ཀྱི་ཀླུང་ཐང་གངས་ཤུད་ཀྱི་ལེགས་སྐྱེས་འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་བདམས་ཐོན་པར་རྒྱལ་ཡོངས་ཀྱི་ཀླུང་ཐང་གངས་ཤུད་ཀྱི་ལེགས་སྐྱེས་འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་22ཉིན། 2020ལོ ——2021ལོའི་རྒྱལ་ཡོངས་ཀྱི་ཀླུང་ཐང་གངས་ཤུད་ལེགས་སྐྱེས་འགྲན་བསྡུར་ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་གྱི་རྒྱལ་ཁབ་གངས་ཐོག་རྣམ་གྲངས་སྦྱོང་བརྡར་རྟེན་གཞིར་གཉེར་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འགྲན་ཞུགས་རུ་ཁག་23གྱི་བདམས་ཐོན་པ་170དེ་གར་འཛོམས་ནས་འགྲན་བསྡུར་བྱས་པ་རེད།

ཟླ་1ཚེས་26ཉིན་གྱི་བུད་མེད་ཚོགས་པའི་ཐག་ཐུང་མཐའ་བསྡུར་ནང་བོད་ལྗོངས་ཀྱི་བདམས་ཐོན་པ་བསོད་ནམས་ཆོས་སྒྲོན་དང་སྐལ་བཟང་ཆོས་སྒྲོན་གཉིས་ལ་ཨང་བཞི་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་གངས་ཤུད་མཐུན་ཚོགས། ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས། པའེ་དབྱིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། སྐྱེས་པ་དང་བུད་མེད་ཀྱི་ཐག་ཐུང(སྲོལ་རྒྱུན་དང་རང་མོས)དང་། ཚོགས་པའི་ཐག་ཐུང(སྲོལ་རྒྱུན་དང་རང་མོས)སོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཁག་8བཀོད་སྒྲིག་བྱས་ཡོད་པ་དང་། ཟླ་1ཚེས་29ཉིན་མཇུག་འགྲིལ་རྒྱུ་རེད། རང་ལྗོངས་ཀྱི་གངས་ཤུད་རུ་ཁག་གིས་བསྡོམས་བདམས་ཐོན་པ་6ད་ཐེངས་ཀྱི་འགྲན་བསྡུར་ལ་མངགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།