ལོ་ལྔའི་རིང་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར1047བཏང་ནས་དམངས་ཕྱུག་བོད་དར་ཡོར་བར་རོགས་རམ་བྱས།

W020210128320428729535.jpg

འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཨར་སྐྲུན་མི་སྣས་བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞིའི་སྐུད་ལམ9པའི་ལམ་དུམ་དུ་ལས་ཀ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་རིང་ཀྲུང་གོ་གློག་འཕྲིན་ཚུད་པའི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་ཁེ་ལས16གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1047བཏང་ནས་བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལས་ཞུགས་འབབ་འཕར་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

2020ལོའི་ཟླ7པར་བོད་ལྗོངས་མངའ་རིས་ཀྱི་དྲ་སྦྲེལ་ལས་གཞིའི་རིང་ཚད་ལ་སྤྱི་ལེ1689ཟིན་པའི་སྐུད་ལམ་ཤར་གཏོང་ཐུབ་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་རྒྱལ་ཁབ་གློག་དྲས་བོད་ལྗོངས་སུ་ཆན་ཧྥུའུ500གཙོ་ཡིན་པའི་གཅིག་གྱུར་གློག་དྲ་བསྐྲུན་ནས་གློག་དྲ་གཙོ་བོ་བོད་ལྗོངས་ཀྱི་རྫོང(ཆུས)74དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་པར་བྱས་ཏེ་བོད་ལྗོངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་གསར་སྤེལ་མ་གཏོགས། ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་ནུས་ཤུགས་བཏོན་ནས་རོགས་སྐྱོར་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་།

W020210128320428921224.jpg

འདི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཁར་གྱི་རྣམ་པ་རེད།

ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ཡོང་བར་རོགས་རམ་བྱེད་པ་དེ་དམངས་འཚོའི་ཞབས་ཞུའི་བྱ་གཞག་ཐད་ནས་ཀྱང་མངོན་པར་མཚོན་ཡོད། ཐག་རིང་ལུང་ཁུག་གི་མཐའ་མཚམས་ས་ཁུལ་དུ་གནས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་སྨན་པ་དཀོན་ལ་སྨན་རྫས་ཉུང་བའི་དཀའ་གནད་ཡོད་པས། ཀྲུང་དབྱང་ཁེ་ལས་ཀྱིས་ནང་འདྲེན་ཕྱི་སྦྲེལ་བྱས་པ་བརྒྱུད་པེ་ཅིན་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལྷོ་བྲག་ཏུ་ནང་འདྲེན་བྱས་ནས་རྫོང་སྨན་ཁང་དང་པེ་ཅིན301སྨན་ཁང་དབར་རྒྱང་བསྟེན་སྨན་བཅོས་ལས་སྟེགས་གཏད་དེ་དོགས་གནད་ཡོད་པའི་ནད་གཞིའི་གནད་དོན་བཅུ་ཕྲག་ཁ་ཤས་རྒྱལ་ཁའི་ངང་ཐག་གཅོད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་དང་། ལག་རྩལ། ཁྲོམ་ར། ཤེས་ལྡན་མི་སྣ། དོ་དམ་སོགས་ཀྱི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཆེ་བའི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།