ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་དང་ཐོན་ལས་འཛུགས་སྐྲུན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུའི་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བར་གཞིགས་ན། 2020ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

2020ལོར་ཆབ་མདོ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་དང་རོང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་མིག་སྔའི་བར་དུ་མཐོ་སློབ་མཐར་ཕྱིན་སློབ་མ3508ལས་ཞུགས་བྱེད་པ་མངོན་འགྱུར་བྱུང་བ་དང་། ལས་ཞུགས་ཐུབ་ཚད95.17%སླེབས་ལ། རོང་འབྲོག་པ21401ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་བྱེད་ཚད70.99%སླེབས་ཡོད། ནུས་ཁུངས་གཙང་མའི་ཐོན་ལས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། མིག་སྔའི་བར་དུ་འོད་ཤུགས་གློག་ཁང་ཆེ་གྲས་ཀྱི་རྣམ་གྲངས་དྲ་སྦྲེལ11བསྐྲུན་ཟིན་པ་དང་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི23ཟིན་ཡོད། གྲངས་འཛིན་གསར་པའི་ཐོན་ལས་འཕེལ་རྒྱས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ་རིག་པའི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་དང“རིག་ནུས་ཆབ་མདོའི”སྤྲིན་རྩིས་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་སོགས་སྐུལ་འདེད་ཏན་ཏིག་བྱས་པ་མ་ཟད། ད་དུང་བཟོ་ལས་གྲངས་འཛིན་ཅན་ལ་བསྒྱུར་བཀོད་དང་གོ་རིམ་ལྡན་པའི་ངང་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་རྒྱུན་མཐུད་ངང་ལག་བསྟར་བྱས། ནུས་ཤུགས་ཡོད་རྒུས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་བཏོད་ནས་དགུང་སྔོན་དྭངས་གཙང་གི་སྤུས་རྟགས་གཏོད་རྒྱུར་རོགས་རམ་ཧུར་ཐག་བྱས་ཏེ་ཆབ་མདོའི་དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཤུགས་ཆེན་བྱས་པ་དང་། བསྡོམས་པས་སྤུས་ལེགས་ཁེ་ལས46སའི་གོ་ལའི་སྣེ་གསུམ་པའི་ལེགས་འདེམས་ཀྱི་ཚད་གཞིའི་སྟེགས་བུར་བཅའ་སྡོད་བྱེད་པ་འོས་སྦྱོར་བྱས་པ་དང་། ཆབ་མདོའི་སའི་གོ་ལའི་སྣེ་གསུམ་པ·དགུན་སྔོན་དྭངས་གཙང་དབུལ་སྐྱོར་ཁང་འཛུགས་སྐྲུན་བྱས་ནས་ཚོང་གཉེར་བྱེད་མགོ་བརྩམས་པ་དང་། བསྡོམས་པས་དབུལ་སྐྱོར་ཐོན་རྫས་རིགས117ཚོང་སྒྲོམ་དུ་བཤམས་པ་རེད།  ལུག་དང་ཕག འབྲི་གཡག་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་བྱས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དེང་རབས་ཞབས་ཞུའི་ཐོན་ལས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད།

མིག་སྔའི་བར་དུ་གྲོང་ཁྱེར་ཡོངས་ཀྱི་སྣེ་འདྲེན་ཁེ་ལས23གྱིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.37ཟིན་པ་དེས་ཞིང་དུད10010འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ལྗང་མདོག་བཟོ་ལས་དང་མཐའ་མཚམས་ཚོང་དོན་གྱི་ཟོག་འདྲེན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཐོན་ལས་འཛུགས་སྐྲུན་གྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་མ་ནུས་ལྡན་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།