ཉིང་ཁྲི་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ནས་ཁྱད་ལྡན་ཐོན་ལས་ཆེ་རུ་བཏང་།

c0c02e3f-bc0c-4e14-92e2-d7a3e58fe2c2.jpg

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་ཅིན་ལང་ཟས་རིགས་ཚད་ཡོད་ཀུང་སིའི་ལས་བཟོ་པས་ཐོན་རྫས་ལ་ཐུམ་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་ཁེ་ལས་དང་མཉམ་ལས་ཁང་། འདེབས་འཛུགས་དུད་ཚང་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་ལྟར་སེ་པན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་བ་མ་ཟད། ད་དུང་དམར་འབྲུ་དང་དམར་འདུར་སོགས་ལས་སྣོན་ཐོན་སྐྱེད་བྱས་ཏེ་སེ་པན་ཐོན་རྫས་ཀྱི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མང་ཚོགས་དབུལ་ཐར་འབབ་འཕར་ཡོང་བར་རོགས་རམ་བྱས། 2020ལོའི་བར་དུ་རྫོང་ཡོངས་སུ་སེ་པན་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ8000ལྷག་ཙམ་ཟིན་པ་དང་ས་གནས་དེ་གའི་སེ་པན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།