བོད་ལྗོངས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྤོ་སྒུལ་བརྡ་རྟགས་ཁྱབ་པ།

d058ccbf6c81800a805cb08cb73533fa838b47f2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ཀྱིAརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྤོ་སྒུལ་བརྡ་རྟགས་ཁྱབ་པ་དང་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞིའི་མ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་ཚང་དུ་སོང་།

src=http___5b0988e595225.cdn.sohucs.com_images_20180211_7ca55f4dbca8420cb14fb8db0f25766a.jpeg&refer=http___5b0988e595225.cdn.sohucs.jpg

མཚོ་བོད་ས་མཐོར་གནས་པའི་བོད་ལྗོངས་ཀྱི་ཆ་སྙོམས་ས་བབ་སྨི4000ལྷག་ཙམ་ཟིན་པ་དང་། རང་བྱུང་ཆ་རྐྱེན་ཞན་པས་འཕྲིན་གཏོང་འགན་ལེན་གྱི་སྒྲིག་བཀོད་སྒྲིག་སྦྱོར་དཀའ་ཚེགས་ཆེ་བ་རེད། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་བསྡོམས་པས་ཀྲུང་དབྱང་གི་སྔོན་རྩིས་ནང་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར31.3བཏང་བ་དང་། ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་པོ་ཚུད་པའི་ས་ཁུལ་དུ5Gསྦྲེལ་ཚུགས2800ལྷག་ཙམ་བསྐྲུན་ཡོད།

src=http___n.sinaimg.cn_sinacn_w1080h721_20180210_b18a-fyrkuxt0802380.jpg&refer=http___n.sinaimg.jpg

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། བོད་ལྗོངས་སུ་མིག་སྔརAརིམ་པའི་མཛེས་ལྗོངས་ཁུལ116ཡོད་པའི་ཁྲོད5Aརིམ་པའི་མཛེས་ལྗོངས་ཁུལ5ཡོད་པ་རེད།

རྒྱུས་ལོན་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས2020ལོར་བོད་ལྗོངས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས2019ལོ་ལས་ཅུང་མར་ཆག་པ་དང་། ལོ་ཧྲིལ་པོར་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3505སྣེ་ལེན་ཞུས་པ་དེ2018ལོ་དང་སྤྱིར་ན་འདྲ་མཉམ་ཡིན་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར366.42ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།