བོད་ལྗོངས་ཀྱི་རིག་དངོས་བརྒྱ་ལྷག་མི་འགྱངས་བར་འགྲེམས་སྟོན་བྱ་རྒྱུ་རེད།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས26ཉིན་ཆིན་ཧྲི་ཧོང་གི་གནའ་བོའི་བང་སོ་དངོས་མང་བཤམས་སྟོན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2021ལོའི་ཟླ1པོའི་ཚེས28ཉིན་ནས་ཟླ10པའི་ཚེས28ཉིན་བར་ཧྲན་ཞི་ཞིང་ཆེན་རིག་དངོས་ཅུའུ་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡིས་གཙོ་སྒྲུབ་དང་། ཆིན་ཧྲི་ཧོང་གི་གནའ་བོའི་བང་སོ་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་དང་བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་སྒྲུབ་འགན་འཁུར་པའི་“བོད་ལྗོངས་ཀྱི་རིག་དངོས་རྩ་ཆེན་འགྲེམས་སྟོན་ཚོགས་འདུ”ཆིན་ཧྲི་ཧོང་གི་གནའ་བོའི་བང་སོ་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་བཤམས་སྟོན་ཚོམས་ཆེན་དུ་འགྲེམས་སྟོན་བྱ་རྒྱུ་རེད།

༢.jpg

ཐེངས་འདིའི་འགྲེམས་སྟོན་ནང་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས100ལྷག་བསྡུས་ཡོད་ཅིང་། རིག་དངོས་དེ་དག་ལས་མང་ཆེ་བ་རིག་གནས་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ནང་ཐེངས་དང་པོ་བཤམས་སྟོན་བྱས་པ་ཡིན། དེ་དག་གི་དུས་ཀྱི་ཆ་ནས་ཀྱང་བཙན་པོའི་དུས་སྐབས་ནས་ཀྲུང་གོ་གསར་པའི་བར་ཡིན་ལ་ཚང་མ་ཤུལ་བཞག་དངོས་རྫས་ནང་གི་སྤུས་ལེགས་ཀྱི་རིགས་ཡིན་པས་སྒྱུ་རྩལ་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། ལོ་ངོ་ཆིག་སྟོང་ལྷག་རིང་གི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ལེགས་པར་མངོན་ཡོད།

༣.jpg

དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད་མཐོ་སྒང་གི་དམིགས་བསལ་ཅན་གྱི་རང་བྱུང་ས་ཁམས་ཁོར་ཡུག་འོག བོད་ལྗོངས་ཀྱི་མེས་པོ་རྣམས་ཀྱིས་ས་ཁོངས་མངོན་གསལ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འོད་སྟོང་འབར་བའི་རིག་གནས་བསྐྲུན་ཡོད་ལ། མི་རབས་ནས་མི་རབས་བར་གྱི་རིག་དངོས་རྩ་ཆེན་འདི་དག་གིས་མེས་པོའི་གཏམ་རྒྱུད་བརྗོད་ནས་མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་དཔལ་ཡོན་རྒྱུད་འཛིན་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་གནང་བའི་ཤུལ་བཞག་དངོས་རྫས་དེ་དག་གིས་བོད་ལྗོངས་དང་མེས་རྒྱལ་ནང་ལོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡིན་པའི་ལོ་རྒྱུས་བདེན་དཔང་བྱས་ཡོད། །

༤.jpg

༨.jpg

༦.jpg

༩.jpg

༧.jpg

༥.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།