ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱས།

src=http___www.xhby.net_zt_zzccfkyq_zyq2020224_202003_W020200310706333405968.jpg&refer=http___www.xhby.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྷོ་ཁ་གྲོང་ཁྱེར་གྱིས་བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས11དོན་འཁྱོལ་བྱས་པ་དང་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི9ཡིན་ལ། རྣམ་གྲངས་དེ་ལྷོ་བྲག་དང་། སྣང་དཀར་རྩེ། སྣེ་གདོང་། རྒྱ་ཚ། ཟངས་རི། ལྷུན་རྩེ། གོང་དཀར། གྲ་ནང་། མཚོ་སྨད། ཆུ་གསུམ། མཚོ་སྣ་བཅས་རྫོང་(ཆུས)11དང་ཤང་(གྲོང་རྡལ)44ལ་འབྲེལ་བ་ཡོད།

མིག་སྔའི་བར་དུ་ལྷོ་ཁ་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ས་ཞིང་གི་རྣམ་གྲངས11ཚང་མ་ལས་འགོ་ཚུགས་ཡོད་པ་དང་། དེའི་ནང་འཕྲུལ་ཆས་རྨོ་ལམ་དང་། ས་ཞིང་ཁོད་སྙོམས། ཞིང་ཁའི་བགྲོད་ལམ། གནས་སྤོས་ས་ཞིང་ལེགས་བཅོས་སོགས་ཀྱི་ཞིང་ལས་བྱེད་ཐབས་ཁག100%ལེགས་འགྲུབ་ཟིན་ཡོད་པ་དང་། མ་དངུལ་སྒོར་ཁྲི11044.59བཏང་བ་དང་དེས་སྤྱིའི་མ་དངུལ་གྱི37%ཟིན་ཡོད་ལ། རྣམ་གྲངས་ཀྱི་འཕེལ་རིམ་དེ2019ལོ་ལས29%འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།