རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་བྱ་ཐབས་བཅུ་ཁྱབ་བསྒྲགས་བྱས་ནས་མཐོ་གསར་གྲངས་འཛིན་ཐོན་ལས་ལ་ཞབས་འདེགས་ཞུ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ནུས་རྒྱུའི་གློག་ཤུགས་དང་མཐོ་གསར་གྲངས་འཛིན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་དམིགས་ཏེ། ཕྱོགས་གསུམ་ནས་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་གློག་ཤུགས་འགན་ལེན་ཞབས་ཞུའི་བྱ་ཐབས་བཅུ་ཁྱབ་བསྒྲགས་བྱས་པ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“ནུས་ཤུགས་ཡོད་རྒུས་ལེ་ལག་ཚང་བའི་ཞབས་འདེགས་འགན་ལེན་བྱས་ཏེ། ‘གློག་དྲ་སྦྲེལ་མཐུད་བྱེད་ཚད’མགྱོགས་སུ་གཏོང་བ”དང་། “ནུས་ཤུགས་ཡོད་རྒུས་གློག་མཁོ་འདོན་གྱི་ཞབས་འདེགས་ཡག་པོ་ཞུས་ནས‘གློག་བེད་སྤྱོད་ཡག་པོ’འགན་ལེན་བྱེད་པ།” “ནུས་ཤུགས་ཡོད་རྒུས་མཉམ་ལས་ཐད་འགན་ལེན་ཡག་པོ་བྱས་ནས‘འཕེལ་རྒྱས་ལ་སྐུལ་འདེད’གཏོང་བ”བཅས་ཀྱི་ཕྱོགས་གསུམ་ལ་དམིགས་ཏེ། འཆར་འགོད་སྦྲེལ་མཐུད་མགྱོགས་སུ་བཏང་ནས། གཙོ་གནད་ས་ཁོངས་ཀྱི་གློག་གཏོང་དྲ་རྒྱ་འཛུགས་སྐྲུན་སྒྱུར་བཀོད་དང་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་གློག་ཐག་ཉེ་ས་ནས་མཐུད་རྒྱུར་སྐུལ་འདེད་བཏང་སྟེ། གློག་སྤྱོད་མཁན་གྱིས་གློག་འཁྲིད་པའི་མ་གནས་དམའ་རུ་གཏོང་རྒྱུ། གློག་སྤྱོད་མཁན་ལ་གློག་རིན་གྱི་མཐའ་སྣེ་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ། “དྲ་མིག་ཅན”གྱི་ཕྱོགས་བསྡུས་ཞབས་ཞུ་དང་རང་འགུལ་ངང་གློག་ཉམས་བཟོ་བྱས་ཏེ་གྲོང་ཁུལ་དུ་གློག་ལ་སྐྱོན་ཤོར་ནས་བཟོ་རྒྱུའི་སྙན་སེང་ཞུས་ཚེ་སྐར་མ་45ཡི་ནང་ས་གནས་ས་ཐོག་ལ་འབྱོར་བ་བྱས་ཏེ། གློག་སྤྱོད་མཁན་ལ་གློག་རྒྱུན་གཏན་བཞིན་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ། གློག་དྲའི་རྨང་གཞིའི་སྒྲིག་བཀོད་ཐོན་ཁུངས་ལ་5Gདྲ་རྒྱ་མཉམ་སྤྱོད་ཡོང་བ་བྱས་ནས་ཁེ་ལས་ལས་ཕྱོད་དང་འཕར་ཐང་མཐོ་རུ་གཏོང་བའི་ཞབས་འདེགས་ཞུས་ནས་འོད་ཤུགས་གློག་གསོག་ཕན་ཚུན་གསབ་རེས་དང་ལྷག་འཕྲོ་བེད་སྤྱོད་སོགས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་བསྐྲུན་པ་དང་རྒྱུན་རྣམ་གྱི་གྲོས་མོལ་འབྲེལ་གཏུག་གི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་སོགས་བྱས་ནས་ནུས་རྒྱུའི་གློག་ཤུགས་དང་མཐོ་གསར་གྲངས་འཛིན་ཐོན་ལས་གཉིས་མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ལས་ཐད་གཉིས་ཕན་ཡོང་བ་བྱ་རྒྱུ་བཅས་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།