བོད་ལྗོངས་སུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་དང་པོ་སྐྲུན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་འོལ་ཆུའི་བྲག་ལམ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་དང་པོ་སྟེ། འོལ་ཆུའི་བྲག་ལམ་ཆུ་ཤུགས་གློག་ཁང་ལ་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་ལས། བྲག་ལའི་ཆུ་ཤུགས་གློག་ཁང་དངོས་སུ་སྐྲུན་པའི་དུས་རིམ་དུ་སླེབས་པ་མཚོན།

ཤེས་རྟོགས་བྱུང་བར་གཞིགས་ན། བྲག་ལམ་ཆུ་ཤུགས་གློག་ཁང་ལ“ཆུ་ཁ་མཐོ་བ་དང་། དོང་ཚད་རིང་བ། གས་སྲུབས་ཆེ་བ”སོགས་ཀྱི་ལག་རྩལ་གྱི་ཁྱད་ཆོས་དང་དཀའ་གནད་ལྡན་པས། རང་རྒྱལ་གྱི“ཤོང་ཚད་ཆེ་བ་དང་རྡབ་རྡེག་རྣམ་པའི”ཆུ་སྐོར་གློག་འདོན་འཕྲུལ་ཙུའུ་དང་པོའི་གཞི་རྟེན་ལས་གྲྭ་ཞིག་ཡིན་པ་དེ་འོལ་ཆུའི་ཆུ་གཞུང་གི་ཆུ་ཤུགས་གློག་འདོན་འཆར་འགོད་ཀྱི་ཆུ་བོའི་སྨད་རྒྱུད་ཀྱི་རིམ་པ་བདུན་པའི་གསར་སྤེལ་ཇུས་གཞིའི་ཁྲོད་ཀྱི་རིམ་པ་དྲུག་པ་དེ་ཡིན་པ་དང་། ཆུ་རགས་དེ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བལ་ཐོག་ཤང་བྲག་ལམ་གྲོང་ཚོའི་ཉེ་འདབས་སུ་གནས་པ་དང་། གློག་ཁང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་ལ་གྲོང་ཚོར་གནས་ཡོད་པ་རེད།

འོལ་ཆུ་རྒྱུག་ཁུལ་གསར་སྤེལ་དང་། བཅོས་སྐྱོང་། སྲུང་སྐྱོང་བཅས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། 2007ལོའི་ཟླ་ལྔ་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུའི་ཇུས་འགོད་ཁང་ལ་མངགས་བཅོལ་བྱས་པ་དང་དེས་སྣེ་ཁྲིད་དེ་འོལ་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་དང་ཆུ་ཤུགས་གློག་འདོན་འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་ཞིང་། 2009ལོའི་ཟླ་བཅུ་གཉིས་པར་འོལ་ཆུའི་ཆུ་གཞུང་གི་ཆུ་ཤུགས་གློག་འདོན་འཆར་འགོད་ཀྱི་སྙན་ཞུར་ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་ནས་ཞིབ་བཤེར་བྱས་པ་དང་། 2010ལོའི་ཟླ་8ཚེས་4ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་འོལ་ཆུའི་ཆུ་གཞུང་གི་ཆུ་གློག་འཆར་འགོད་སྙན་ཞུར་དངོས་སུ་མཆན་འགོད་བཀའ་ལན་གནང་བ་དང་། 2012ལོའི་ཟླ་བཞི་པར་བྲག་ལམ་ཆུ་ཤུགས་གློག་ཁང་གི་ཞིབ་འཇུག་ཆོག་འཐུས་སྙན་ཞུར་ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། 2013ལོའི་ཟླ་6ཚེས་24ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བྲག་ལམ་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་དངོས་སུ་སྤེལ་བར་མོས་མཐུན་བྱས་པ། 2017ལོའི་ཟླ་གཉིས་པར་བྲག་ལམ་ཆུ་ཤུགས་གློག་ཁང་གི་ཞིབ་འཇུག་ཆོག་འཐུས་སྙན་ཞུར་ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་རྣམ་གྲངས་དེར་མཐའ་མའི་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད།

འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུའི་ཇུས་འགོད་ཁང་གིས་ཞིབ་འཇུག་ཆོག་འཐུས་སྙན་ཞུ་རྩོམ་འབྲི་བྱས་པ་དང་སྦྲགས། བྲག་ལམ་ཆུ་ཤུགས་གློག་ཁང་གི་ཁོར་ཡུག་གི་ཤུགས་རྐྱེན་སྙན་ཞུའི་ཡིག་ཆ་འབྲི་བའི་ལས་དོན་ཡང་བསྒྲུབས་ཡོད། དུས་ཡུན་ལོ་གསུམ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་2018ལོའི་ཟླ་12ཚེས་13ཉིན་སྐྱེ་ཁམས་ཁོར་ཡུག་པུས《བོད་ཀྱི་འོལ་ཆུའི་བྲག་ལམ་ཆུ་ཤུགས་གློག་ཁང་གི་ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་ཡིག་ཆའི་མཆན་འགོད་བཀའ་ལན》ཁྱབ་བསྒྲགས་བྱས་པ་རེད།

གོམ་སྟབས་རྗེས་མར། འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུའི་ཇུས་འགོད་ཁང་གིས་ཚན་རྩལ་གསར་གཏོད་ལ་སྔར་བས་ཤུགས་སྣོན་དང་ཇུས་འགོད་སྔར་བས་ཟབ་ཏུ་དང་ལེགས་སུ་བཏང་སྟེ། བྲག་ལམ་ཆུ་ཤུགས་གློག་ཁང་དེ་སྤུས་རྟགས་ཀྱི་ལས་གྲྭ་ཞིག་ཏུ་བསྐྲུན་ནས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ། བོད་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། མཐའ་སྐྱོང་བོད་བརྟན། གྲོང་གསེབ་དར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།