ཉིང་ཁྲི་གྲོང་ཁྱེར་གྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིིགས་འཕེལ་རྒྱས་ཀྱིས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་ལ་རོགས་འདེགས་བྱས།

༢.jpg

འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ཉིང་ཁྲི་གྲོང་ཁྱེར་མངའ་ཁོངས་སུ་གནས་པ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཡོད་ལ། དེ་ནི་ཀྲུང་གོས་ཆེས་མཐའ་མར་གཞུང་ལམ་ཤར་གཏོང་བྱས་པའི་རྫོང་ཡིན། བགྲོད་ལམ་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་པ་དེས་མི་ཕྱུགས་ཀྱིས་དངོས་ཟོག་ཁལ་འདྲེན་བྱེད་པའི་ལོ་རྒྱུས་མཇུག་རྫོགས་སུ་བཅུག་པ་རེད།

༣.jpg

འདི་ནི་མྱུར་སྐྱེལ་ས་ཚིགས་ཀྱི་ལས་བྱེད་མི་སྣ་དབྱང་ལི་ཁྲོན་རེད།

2008ལོའི་ཟླ11པའི་ཚེས26ཉིན་མེ་ཏོག་རྫོང་གི་སྦྲག་སྲིད་ཅུའུ་ཡིས་དངོས་སུ་ཕྱི་ཕྱོགས་སུ་ལས་གཉེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དེ་སྔོན་གྱི“ས་མཐོའི་ཁེར་ཆགས་གླིང་ཕྲན”ཡང་གློག་རྡུལ་ཚོང་དོན་སྣ་ཚོགས་ཀྱི་ཉོ་སྒྲུབ་དུས་ཆེན་ནང་ཞུགས་ཐུབ་ཅིང་། མེ་ཏོག་རྫོང་གི་ཁྱད་ལྡན་ཐོན་རྫས་ཀྱང“བཅུ་གཅིག་ཟུང”གི་ཉིན་མོར་ཀུན་གྱིས་དོ་སྣང་བྱེད་པའི་ཐོན་རྫས་གསར་པར་གྱུར།

༡.jpg

འདིི་ནི་མྱུར་སྐྱེལ་ཀུང་སིའི་ལས་བྱེད་མི་སྣས་མྱུར་སྐྱེལ་དངོས་ཟོག་ལ་ཐུམ་རྒྱག་བཞིན་པ།

ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་མེ་ཏོག་རྫོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་མེ་ཏོག་རྫོང་གི་སྦྲག་སྲིད་རྩིས་ལེན་དངོས་རྫས་ཧ་ལམ་ཁྲི27ཡོད་པ་དང་སྦྲག་རྫས་གཏོང་ལེན་བྱེད་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ནང་ལོགས་ནས་བསྐུར་ཡོང་བའི་སྦྲག་རྫས་མང་པོ་ཡོད་པ་མ་ཟད་མེ་ཏོག་རྫོང་གི་རྡོ་སླང་དང་། ངང་ལག ཞུ་མཁན། ཇ་ལོ་སོགས་ཀྱང་ཕྱིར་གཏོང་བྱེད་བཞིན་ཡོད།

༤.jpg

མེ་ཏོག་རྫོང་གི་གཞུང་ལམ།

2012ལོའི་ཟླ11པར་ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུའུ་ཡིས་དངོས་སུ་སྒོ་བྱང་བཀལ་བ་རེད། དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱས་ནས་དམངས་གཉེར་མྱུར་སྐྱེལ་ཁེ་ལས2012ལོའི་ཟོང་རྟགས7དང་གྲོང་ཁྱེར་དང་ས་ཁུལ་གྱི་ལས་གཉེར་ས་ཚིགས7ནས2020ལོའི་ཟོང་རྟགས9དང་ལས་གཉེར་ས་ཚིགས96བར་དུ་འཕར་སྣོན་བྱུང་ཡོད། དེའི་ནང་དམངས་གཉེར་མྱུར་སྐྱེལ་ས་ཚིགས་རྫོང7དང་ཤང་གྲོང23དང་སྲིད་འཛིན་གྲོང་ཚོ51བཅས་སུ་ཁྱབ་ཡོད།

༥.jpg

མེ་ཏོག་རྫོང་མཁར་གྱི་རྣམ་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་མྱུར་སྐྱེལ་ལས་རིགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་པ་དང་། ཉིང་ཁྲིའི་སྦྲག་སྲིད་དང་ཧྲུན་ཧྥིན་མྱུར་སྐྱེལ་གྱིས་ཞིང་ལས་དང་ནགས་ལས། འབྲོག་ལས་གསུམ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་རྒྱུར་རོགས་རམ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།