ལོ་ལྔའི་རིང་བོད་ལྗོངས་ཀྱི་ཐོན་ལས་ཆེ་གྲས་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར1900ལས་བརྒལ་བ།

༡.jpg

བོད་ལྗོངས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁེ་ལས་ལས་བཟོ་པས་ལས་ཀ་ལས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པས། ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས། ནུས་ཁུངས་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་ཀ། མཐའ་མཚམས་ཉོ་ཚོང་ཟོག་འདྲེན་བཅས་ཐོན་ལས་ཆེ་གྲས་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར1900ལས་བརྒལ་བ་མངོན་འགྱུར་བྱུང་ཞིང་འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་མངོན་ཡོད། 

༢.jpg

“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་མ་དངུལ་དང་། གློག་རིན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཐད་ནས་ཁེ་ལས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་ལག་རྩལ་མཐོ་གསར་གྱི་ཐོན་ལས་ཁག་ཅིག་བོད་ལྗོངས་སུ་ནང་འདྲེན་བྱས་ལ། བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་སྟོན་གྲངས2015ལོའི63.3ནས2020ལོའི75.8འཕར་བར་སྣེ་ཁྲིད་བྱས། མིག་སྔར་བོད་ལྗོངས་སུ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས300ལྷག་ཡོད་པ་དང་གྲངས་ཀའི་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར330ཙམ་ལས་བརྒལ་བས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར།

༣.jpg

འདི་ནི་ཡུལ་སྐོར་བས་ལྷ་སའི་གཙུག་ལག་ཁང་གི་གསེར་གདུང་མདུན་དུ་པར་ལེན་བཞིན་པ།

ཐོན་ལས་ཆེ་གྲས་བདུན་གྱི་ཁྲོད་ཡུལ་སྐོར་ལས་རིགས་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.6སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2100ལྷག་ཟིན་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་དྲ་ཐོག་འཛད་སྤྱོད་ཀྱི་གྲངས་འབོར་དེ་ལོ་རེར20%ཡན་གྱི་མྱུར་ཚད་ཀྱིས་རྒྱུན་མཐུད་ངང་འཕར་བཞིན་ཡོད། ལོ5རིང་ཡུལ་སྐོར་ལས་རིགས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར120.15བྱུང་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་བཟའ་བཏུང་ལས་རིགས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར8.02ཟིན་པར་སྐུལ་ཁྲིད་བྱས།

ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་རོང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་པོར་ཕྱིན་པ་དང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྟག་རྩེ་བཟོ་ལས་གླིང་། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཚོ་བོད་བཟོ་ལས་གླིང་སོགས་ནི་ལྗོངས་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། བོད་ལྗོངས་ཀྱིས་ད་དུང་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི234བཙུགས་པ་དེས་ལོ་རེའི་ཐོན་འབབ་སྒོར་དུང་ཕྱུར60ལས་བརྒལ་ཡོད།

༤.jpg

འདི་ནི་བོད་ལྗོངས་ལྷ་ས་སྟག་རྩེ་བཟོ་ལས་གླིང་གི་བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཤིག་གི་ལས་བྱེད་མི་སྣས་ལས་སྣོན་བྱས་པའི་ནས་ཀྱི་ཐོན་རྫས་རེད།

རྗེས་མར་ལྗོངས་ཡོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ‘ཁྱད་ལྡན’དང་‘ལེགས་ཆ’ཡི་ཐད་ཤུགས་བརྒྱབ་ནས་ཐོན་ལས་ཆེ་གྲས་བདུན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་མིའི་འབབ་འཕར་མངོན་འགྱུར་བྱུང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།