ལོ་ལྔའི་རིང་བོད་ལྗོངས་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ77.4%འཕར་བ།

ac1c8f27a1b3474fb2988d018a0a9b49.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་དང་ས་གནས་ཀྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་བརྒྱུད་བོད་ལྗོངས་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར། 2020ལོར་བོད་ལྗོངས་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21744ཟིན་པ་དེ2015ལོ་ལས77.4%འཕར་ཡོད།

གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར41156དང་སྒོར14598ཟིན་པ་དེ་དུས་མཚུངས་ལས་སོ་སོར10%དང12.7%འཕར་ཡོད།

ཕྱུག་པོར་གྱུར་བའི་བོད་ལྗོངས་མི་དམངས་ཀྱི་འཛད་སྤྱོད་ཐད་རིམ་སྤོར་མངོན་འགྱུར་བྱུང་བ། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ126ཆག་པ་དང་། སྔོ་ཚལ་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ23མང་དུ་སོང་བ། གྱོན་གོས་འཛད་སྤྱོད་སྒོར584མང་དུ་སོང་བ། འགྲིམ་འགྲུལ་དང་འཕྲིན་གཏོང་གི་འགྲོ་གྲོན་ལྡབ་གཅིག་ཙམ་འཕར་བ། སྨན་བཅོས་དང་བདེ་སྲུང་གི་འགྲོ་གྲོན160.9%མང་དུ་སོང་བ། མི་རེའི་ཆ་སྙོམས་རིག་གནས་རོལ་རྩེད་ཞབས་ཞུའི་འགྲོ་གྲོན167.6%འཕར་ཡོད།

བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་ཟོག་འགྲུལ་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་སོང་བ་དང་བསྟུན་ནས་མཐོ་སྒང་དུ་དྲ་ཐོག་ནས་ཅ་དངོས་ཉོ་མཁན་གྱི་གྲངས་འབོར་དང་འཛད་སྤྱོད་ཀྱི་དངུལ་གྲངས་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 2020ལོར་ཐེན་མའོ་དྲ་རྒྱའི“བཅུ་གཅིག་ཟུང”གི་བྱ་འགུལ་རིང་བོད་ལྗོངས་ཀྱི་ཚོང་འགྲིག་ཚད་སྒོར་དུང་ཕྱུར4.12སླེབས་པ་དང་། བྱ་སྤུའི་སྟོད་ཐུང་དང་། ལག་ཐོགས་ཁ་པར། སྲིང་བལ་སྟོད་ཐུང་སོགས་ཀྱི་ཚོང་ཟོག་ལ་འཛད་སྤྱོད་པ་མང་པོས་དགའ་བསུ་ཆེན་པོ་ཐོབ། ཅ་དངོས་ཉོ་བ་ཕུད། མཐོ་སྒང་གི་མང་ཚོགས་ཀྱིས་བུ་ཕྲུག་གི་སློབ་གསོ་ལའང་མཐོང་ཆེན་བྱེད་བཞིན་ཡོད། 

ཡོང་འབབ་མང་དུ་སོང་བ་དང་འཛད་སྤྱོད་བྱེད་སྟངས་ཀྱང་སྣ་མང་དུ་ཕྱིན་པས་བོད་ལྗོངས་ཀྱི་མང་ཚོགས་ཚོའི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་མ་ཟད། དེང་རབས་ཅན་གྱི་བོད་ལྗོངས་གསར་པར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་བཞིན་ཡོད་པ་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།