《རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

W020210124578557275538.jpg

འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)ལ་གྲོས་འཆམ་བྱུང་བ་རེད། གསར་འགོད་པས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》འདི་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་བསྐྲུན་རྒྱུའི་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་དེ་ཡིན་ཞིང་། 2021ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲོའུ་དབྱི་ཧྥུང་གིས《སྲོལ་ཡིག》བཟོས་པའི་རྒྱབ་ལྗོངས་ཀྱི་དོན་སྙིང་དང་། བརྒྱུད་རིམ། རྩ་དོན། སློབ་སྦྱོང་དྲིལ་བསྒྲགས་སོགས་ཀྱི་ཐད་ངོ་སྤྲོད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཡུང་བཀྲ་ཡིས《སྲོལ་ཡིག》གི་སྒྲོམ་གཞིའི་གྲུབ་ཆ་དང་། ནང་དོན་གྱི་ཁྱད་ཆོས། དེ་བཞིན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུའི་ལས་ཀའི་ལམ་སྲོལ་དང་ཞིབ་ཕྲའི་བྱེད་ཐབས་སོགས་སྔར་བས་ངོ་སྤྲོད་གནང་བ་རེད།

W020210124580757138930.jpg

ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས།

ངོ་སྤྲོད་བྱས་པར་གཞིགས་ན། 《སྲོལ་ཡིག》ལ་བསྡོམས་པས་ལེའུ་བཅུ་དང་དོན་ཚན་དྲུག་ཅུ་རེ་བརྒྱད་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་བའི“བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་སྤྱི་འདོམས་སུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གཏོད་རྒྱུ་གཞི་རྟེན་དུ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་བསྐྲུན་རྒྱུ་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་ནས་གྲུབ་ཆ་དང་ནང་དོན་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་བཏང་ཡོད། 《སྲོལ་ཡིག》ནང་ད་དུང་ལོ་རེའི་ཟླ8པ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་ཡོད།

《སྲོལ་ཡིག》ནང་དུས་རབས་གསར་བར་ཏང་གི་བོད་སྐྱོང་ཐབས་ཇུས་ཆེན་པོའི་ནང་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་འཐབ་ཇུས་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དང་།ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་འབྲེལ་ཡོད་བླང་བྱ་བཅས་མཚོན་ལ། བོད་ལྗོངས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། དམངས་ཡོངས་ཀྱིས་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་འདུ་ཤེས་མངོན་པར་མཚོན་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།