བོད་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་ཁྲི207གྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱས།

1.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ལྗོངས་ཀྱིས“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ནས་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཐག་གཅོད་དང་དབུལ་ཐར་མཁྲེགས་གཏོར་གཉིས་ཟུང་འབྲེལ་བྱས་ཏེ་རོང་འབྲོག་མང་ཚོགས་ཁྲི207གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ནས་དམངས་འཚོ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

2.png

གཡུ་ཕུག་ཤང་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི3200ཡོད་ལ་ཁ་ཐོར་གྱི་རྣམ་པའི་འདུས་སྡོད་བྱས་ཡོད། 2019ལོའི་ཟླ10པར་སྤོ་བོ་རྫོང་གིས་མ་དངུལ་སྒོར་ཁྲི634.56བཏང་སྟེ་གཡུ་ཕུག་ཤང་གིས་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་ལས་གཞི་སྤེལ་བ་རེད། ད་ལྟ་གཡུ་ཕུག་ཤང་གི་སྲིད་འཛིན་གྲོང་ཚོ3ལ་ཆུ་ལེན་ཁྲོན་པ5ཡོད་པ་དེས་གྲོང་མིའི་འཐུང་ཆུའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད།

3.png

ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་དབུལ་པོའི་མི་འབོར་སྟོང་ཕྲག་གི་འཐུང་ཆུའི་གནད་དོན་ལ་དམིགས་ནས་གསར་སྐྲུན་དང་། རྒྱས་སྐྲུན། ལེ་ལག་ཆ་ཚང་། སྒྱུར་བཀོད་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོ་དང་གྲོང་རྡལ་གྱི་གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་བྱེད་ཚད་དང་། རང་འབབ་ཆུ་ཁྱབ་གདལ་གཏོང་ཚད། ཆུའི་སྤུས་ཚད་འཕྲོད་བསྟེན་ཚད་ལྡན་དུ་གཏོང་ཚད་བཅས་མཐོ་རུ་བཏང་ཡོད། གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུའང་ཆུའི་སྤུས་ཚད་བདེ་འཇགས་དང་ཆུ་སྤྱོད་སྟབས་བདེ་ཡོང་བའི་འཐུང་ཆུའི་ལས་གཞི་ལག་བསྟར་བྱས།

4.png

བོད་བྱང་ཐང་གི་ནག་ཆུ་གྲོང་ཁྱེར་གྱི་སྙན་རོང་རྫོང་དང་ཤན་རྩ་རྫོང་དུ་ས་གནས་དེ་གའི་ཡུལ་བབ་དང་བསྟུན་ནས་ཉི་ནུས་འཕྲུལ་གློག་གི་ཁྲོན་པ་དང་། འཕྲུལ་གློག་གི་ཁྲོན་པ་ཆེ་གྲས། འཕྲུལ་གློག་གི་ཁྲོན་པ་ཆུང་གྲས་སོགས་འཐུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱས་པར་བརྟེན་ནས་ཆུ་མཁོ་འདོན་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་བ་དང་། གྲལ་བཤེར་གནད་འཁེལ་བྱས་པར་བརྟེན་ནས་དུད་ཚང་གཅིག་ཀྱང་མ་ལུས་པར་རྫོང་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས།

5.png

6.png

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར51.1བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གཞི་ཁྲི1.81ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཁྱབ་གདལ་གཏོང་ཚད99%ཡན་ཟིན་ཡོད་པ་མ་ཟད། ད་དུང་གཙོ་གནད་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཞིང་། ཞིང་སའི་ཆུ་འདྲེན་རྒྱ་ཁྱོན་བསྡོམས་པས་མུའུ་ཁྲི73གསར་སྣོན་བྱུང་ལ། ཆུ་ལོག་སྔོན་འགོག་དང་ཐན་སྐྱོན་འགོག་པའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་མུ་འབྲེལ་གྱི་དབུལ་ཐར་ས་ཁུལ་འབའ་ཞིག་ཡིན་པའི་ཆ་ནས་“ལོ་ལྔའི་ཚན་བཅུ་གསུམ་པའི་”རིང་བོད་ལྗོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལས་བརྒལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།