རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བ།

W020210123726204484853.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་ལྔ་ཡིན་པའི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས23ཉིན་གྱི་ཕྱི་དྲོ་རྒྱལ་ཁའི་ངང་གྲོལ་བ་རེད།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། པ་སངས་སོགས་ཚོགས་འདུར་ཕེབས་ཏེ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་མཇུག་འགྲིལ་གསུང་བཤད་ཀྱང་གནང་བ་རེད། (གསུང་བཤད་ཆ་ཚང་ཟུར་དུ་འགོད་རྒྱུ)

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ངག་དབང་། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ། ཏུའུ་ཅན་ཀུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཆུ་ཚོད་བཅུ་དྲུག་ཡོལ་ཙམ་དུ་བསྟན་ཁོས་མཇུག་འགྲིལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་བསྟན་གནང་དོན། དང་ཐོག་ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ཚོགས་ཞུགས་ཨུ་ཡོན་ཡོངས་ཀྱི་ཚབ་ཞུས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་བཅས་པའི་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་བློ་མཐུན་པ་སངས་ཚོགས་འདུར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་བོད་ལྗོངས་དང་རྒྱལ་ཡོངས་ལྷན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པའི་གལ་ཆེའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ནས། ཨུ་ཡོན་ཚོ་དང་མཉམ་དུ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་གནང་བ་རེད། ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་དང་ཚད་མཐོའི་འགན་འཁྲི་འཁུར་བའི་རྣམ་འགྱུར་ཐོག་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག དེ་མིན་གྱི་སྙན་སྒྲོན་གཞན་དག་བཅས་ལ་གྲོས་བསྡུར་གཏིང་ཟབ་གནང་བ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་ཏེ། ཇུས་འདོན་སྲིད་དོན་སྐྱོང་རོགས་ཧུར་ཐག་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ཤིང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་འགན་འཁྲི་ཁུར་སེམས་གང་ལེགས་མངོན་ཡོད་ལ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཀྱི་ལེགས་ཆའང་མངོན་ཡོད་པས། ད་ཐེངས་ཀྱི་ཚོགས་འདུ་འདི་ནི་དམངས་གཙོ་དར་སྤེལ་དང་། ངོས་འཛིན་གཅིག་མཐུན། བདེན་འཚོལ་དངོས་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།

ཚོགས་ཆེན་ཐོག《རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད》དང་། 《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད》 《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》 《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

བསྟན་ཁོས་མཛུབ་སྟོན་གནང་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ཏེ། ང་ཚོས་ངེས་པར་དུ“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་འཆང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྟངས་འཛིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཏོད་པ་བཅས་བྱས་ཏེ། “རྒྱལ་ཁབ་སྟོབས་ལྡན”ཡིན་པར་གདེང་ཚོད་ཡོད་དགོས་ལ། ཆབ་སྲིད་ཀྱི་ཐད་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གྱིས། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར། ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱལ་ཁབ་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་ཏན་ཏིག་འགྱུར་བར་བྱེད་དགོས།

བསྟན་ཁོས་བླང་བྱ་བཏོན་གནང་དོན། ཏང་གིས་ཁྱོན་ཡོངས་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་སྐོར་ལ་བཏོན་པའི་བླང་བྱ་ཁག་གི་དོན་འཁྱོལ་ལ་འབད་བརྩོན་བྱེད་དགོས། མི་དམངས་སྲིད་གྲོས་ནི་ཏང་གིས་འགོ་འཁྲིད་པའི་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ལས་ཀའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྲིད་གྲོས་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ཕན་ཚུན་གཅིག་ལ་གཅིག་འབྲེལ་ཐུབ་པ་དང་། ཇུས་འདོན་སྲིད་དོན་སྐྱོང་རོགས་དང་སེམས་ནུས་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་པར་མཐའ་འཁྱོངས་བྱས་ཏེ། “དོན་འཁྱོལ་བྱེད་ཐུབ་པ་དང་གོང་བུར་སྒྲིལ་ཐུབ་པའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།

བསྟན་ཁོས་བླང་བྱ་བཏོན་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བར་འབད་བརྩོན་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་སྲིད་གྲོས་ལས་དོན་གྱི་གཞི་རྩའི་བླང་བྱ་དང་། སྲིད་གྲོས་ཨུ་ཡོན་གྱིས་ངེས་པར་དུ་འཁུར་དགོས་པའི་འགན་འཁྲི་རེད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱས་ནས། ཆབ་སྲིད་ཀྱི་ངེས་གནས་མཐའ་འཁྱོངས་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་ཕྱོགས་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་དགོས།

བསྟན་ཁོས་བླང་བྱ་བཏོན་གནང་དོན། གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ནས་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བར་འབད་བརྩོན་བྱེད་དགོས། ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཅས་ཀྱི་ལག་བསྟར་ལ་དམིགས་ནས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་ཏེ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱས་ནས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ། དོན་ངོ་མའི་ཐོག་ནས་གྲོས་མོལ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་བརྒྱབ་ནས། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་ཆེར་གཏོང་བ། ཆབ་སྲིད་ཀྱི་སྟངས་འཛིན་བྱེད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་ལ་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ལ་ཤུགས་སྣོན་རྒྱག་པའི་ཁར། ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཇུས་འདོན་ཤུགས་འདོན་བྱེད་དགོས།

བསྟན་ཁོས་བླང་བྱ་བཏོན་གནང་དོན། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བར་འབད་རྩོན་བྱེད་དགོས། སྲིད་གྲོས་རྩ་འཛུགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྲིད་གྲོས་ཀྱི“གཙོ་གནད་གསུམ”གྱི་ཁྱད་འཕགས་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་གྲོས་མོལ་འགན་སྒྲུབ་ཁྲོད་དུ་ཁྱབ་པར་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱུད་སྤེལ་དང་སེམས་ནུས་གཅིག་སྒྲིལ་ཧུར་ཐག་བཅས་བྱས་ནས། ཏང་གི་དགོངས་ཚུལ་སྤྱི་ཚོགས་རིགས་ཁོངས་ཁག་གི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་རམ་འདེགས་དང་། མི་རིགས་ཕན་ཚུན་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་། དོན་ཐུབ་པ། ཤོད་ཕོད་པ། ནུས་པ་འདོན་ཐུབ་པ་བཅས་བྱས་ནས། རྒྱ་ཁྱབ་ངང་དཀའ་སྤྱད་སྡུག་རུས་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་ཏུ་བསྒྲིལ་དགོས།

བསྟན་ཁོས་བླང་བྱ་བཏོན་གནང་དོན། རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཟུགས་བརྙན་བཟང་པོ་གཏོད་རྒྱུའི་ཐད་འབད་བརྩོན་བྱེད་དགོས། རྒྱ་ཆེའི་ཨུ་ཡོན་ལ་ཆབ་སྲིད་ཀྱི་གཟི་བརྗིད་ལ་སྔར་བས་གཅེས་སྤྲས་བྱ་རྒྱུར་སྐུལ་མ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རང་འགུལ་ངང་འགན་སྒྲུབ་ཧུར་ཐག་བྱས་ནས“སྲིད་གྲོས་ལ་རྒྱུས་ལོན་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་སྣང་ཆེན”བཅས་ཐུབ་པར་བྱས་ཏེ། དཔེ་སྟོན་གྱི་བྱ་སྤྱོད་ལ་བརྟེན་ནས་དུས་རབས་གསར་པའི་ཨུ་ཡོན་གྱི་ཉམས་འགྱུར་མངོན་པར་བྱེད་དགོས།

བསྟན་ཁོས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས། རྒྱུན་ཆད་མེད་པར་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གི་ལེའུ་གསར་པ་བརྩམས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གྲོལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།