བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་བསྡུས་རང་བཞིན་ཅན་གྱི་ཁྲིམས་སྲོལ་བཏོན་པ།

1127018694_16114606970361n.jpg

ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་གཙང་འགྲམ་དུ་ངལ་གསོ་བཞིན་པ། 

W020210123727199697035.jpg

ཡར་ཀླུང་གཙང་པོ་འབབ་རྒྱུན་གྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས། 

W020210123812756923861.jpg

འབྲི་རུ་རྫོང་ཁོངས་ཀྱི་གངས་རི།

W020210123814495096811.jpg

བོད་བྱང་ཐང་གི་གཙོད། 

༦.jpg

བོད་ལྗོངས་ཨ་མདོ་རྫོང་ཁོངས་ནས་པར་བླངས་པའི་ཁྲུང་ཁྲུང་མགོ་ཁྲ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་སྟེང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ས་མཐོའི་འཛུགས་སྐྲུན་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང་། དེས་སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》ལ་བསྡོམས་པས་ལེའུ་བཅུ་དང་དོན་ཚན་དྲུག་བཅུ་རེ་བརྒྱད་འདུས་ཤིང་། སྐྱེ་ཁམས་འཆར་འགོད་དང་སྐྱེ་ཁམས་བདེ་འཇགས། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་རིག་གནས། དཔེ་སྟོན་གསར་འཛུགས། སྤྱི་ཚོགས་མཉམ་སྒྲུབ། ལྟ་སྐུལ་འགན་སྲུང་སོགས་ཀྱི་ཕྱོགས་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་འགན་ཁུར་དང་འོས་འགན་ཚད་ལྡན་དུ་བཏང་ནས། དམངས་ཡོངས་ཀྱི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་གང་ལེགས་སྒོས་མཚོན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།