ལོ་ལྔའི་རིང་བོད་ལྗོངས་སུ་གཞུང་ལམ་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི3.83གསར་སྣོན་བྱུང་བ།

༡༠.jpg

འདི་ནི་བོད་ལྗོངས་ཀྱི་ལྷ་ཉིང་མཐོ་རིམ་གཞུང་ལམ་ལམ་རྒྱུད་ཀྱི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་ཚན་བཅུ་གསུམ་པའི་”རིང་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་བྱས་པའི་ལམ་ཐག་ལ་སྤྱི་ལེ་ཁྲི3.83ཡོད་ཅིང་། ལོ་རེར་ཆ་སྙོམས་གཞུང་ལམ་སྤྱི་ལེ7660བསྐྲུན་ཟིན་པས་མཐོ་སྒང་གི་བྱས་རྗེས་ངོ་མཚར་ཅན་གསར་གཏོད་བྱས་ཡོད་ལ། ལོ་རེའི་གཞུང་ལམ་ཤར་གཏོང་བྱས་པའི་ལམ་ཐག་དེ་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ལས་མཐོ་བ་རེད།

༡༡.jpg

འདི་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ཐང་སྨད་ལམ་དུམ་གྱི་འཕྲེད་ལུང་རོང་ཟམ་ཆེན་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་ཞུས་ཝུན་ཆང་གིས“ལོ་ལྔའི་ཚན་བཅུ་གསུམ་པ”ནི་བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་གཏོང་བ་དང་ལེགས་བཅོས་བྱེད་པ་ཆེས་ཆེ་བའི་དུས་སྐབས་ཤིག་ཡིན་ལ། ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར2515ལས་བརྒལ་བ་དང་“ལོ་ལྔ་ཚན་བཅུ་གཉིས་པའི”དུས་སྐབས་ཀྱི་ལྡབ3.7ཡིན། 2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི11.66སླེབས་པ་དང2015ལོའི་ལོ་མཇུག་དང་བསྡུར་ན48.9%འཕར་སྣོན་བྱུང་ཡོད།

༡༢.jpg

འདི་ནི་བོད་ལྗོངས་ཀྱི་མེ་ཏོག་རྫོང་གི་ཉེ་འདབས་སུ་པར་བླངས་པའི་གྲོང་གསེབ་ཀྱི་གཞུང་ལམ་ཞིག་རེད།

གཞུང་ལམ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས་མཐོ་རིམ་གཞུང་ལམ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་ལྔའི་གོང་དུ་བོད་ལྗོངས་སུ་རིང་ཚད་ལ་སྤྱི་ལེ38ཡོད་པའི་མཐོ་རིམ་གཞུང་ལམ་གཅིག་ལས་མེད་པ་དང་ད་ལྟ་སྤྱི་ལེ688ལ་སླེབས་ཡོད། ལྷ་ས་ནས་གཞིས་ཀ་རྩེ་བར་དང་ནག་ཆུ་སོགས་ས་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་མཐོ་རིམ་གཞུང་ལམ་ཤར་གཏོང་ཐུབ་རྗེས་བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ1100ཟིན་རྒྱུ་རེད།”ཅེས་ཞུས་ཝུན་ཆང་གིས་བཤད།

ལོ5ཡི་རིང་བོད་ལྗོངས་གྲོང་གསེབ་ཀྱི་གཞུང་ལམ་ཡང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་པས་མིག་སྔར་ལྗོངས་ཡོངས་ཀྱི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད100%དང99.96%ཟིན་ཡོད་པ་དང་། ཤང་གྲོང654དང་སྒྲིག་གཞི་ཚང་བའི་གྲོང་ཚོ4094ལ་ཨར་འདམ་གྱི་གཞུང་ལམ་ཤར་གཏོང་བྱས་ཡོད་པས། ཤར་གཏོང་བྱེད་ཚད་སོ་སོར94.1%དང74.8%སླེབས་ཡོད།

༡༣.jpg

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ཀྱི་སྟོབས་འབར་ཤང་དུ་བསྐྱོད་པའི་གཞུང་ལམ་རེད།

གྲོང་གསེབ་ཀྱི་གཞུང་ལམ་རེ་རེ་དང་མཐོ་རིམ་གཞུང་ལམ་དེ་དག་གིས་གངས་ལྗོངས་ས་མཐོའི་རི་མཐོའི་གྲོག་རོང་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གྲོང་རྡལ་དང་གྲོང་གསེབ་བཅས་འབྲེལ་མཐུད་བྱས་ཏེ། མཐོ་སྒང་གི་རོང་འབྲོག་པ་རྣམས་ཕྱིར་བསྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་ཐོན་སྐྱེད་དང་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།