“ལོ་ལྔའི་ཚན་བཅུ་གསུམ་པའི”ཚུན་ལ་བོད་ལྗོངས་ཀྱིས་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་ཁྲི23འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི་”ཚུན་དུ་བོད་ལྗོངས་ཀྱིས་བསྡོམས་པས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི23འཛུགས་སྐྲུན་བྱས་ཤིང་། སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་དང་སྒྲིག་བཀོད་ཆ་ཚང་ཁྲི13དང་གྲོང་ཚོའི་འཆར་འགོད1836ལེགས་གྲུབ་བྱུང་བ་དང་། ཁྱིམ་ཚང་གི་སྤྱོད་ཁང་ཁྲི27བསྒྱུར་བཀོད་བཅས་བྱས་པ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་རྒྱུས་ལོན་བྱུང་བར་གཞིགས་ན། མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་ཆེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་སྔ་རྗེས་སུ་རོང་འབྲོག་པའི་བདེ་སྡོད་ལས་གཞི་དང་། ཉེན་ཡོད་སྡོད་ཁང་བསྒྱུར་བཀོད། ཡོམ་འགོག་བརྟན་བསྒྱུར། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས།དབུལ་སྐྱོར་གནས་སྤོར། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་དང་འགན་སྲུང་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཡོངས་ཁྱབ་ཏུ་བདེ་འཇགས་སྤྱོད་བདེའི་སྡོད་ཁང་དུ་བསྡད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱས།

2021ལོར། བོད་ལྗོངས་ཀྱིས་ད་དུང་ས་མཐོའི་སྐྱེ་ཁམས་དྲོད་ཁང་ཆེན་མོ་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གཞི་ལག་བསྟར་བྱ་རྒྱུ་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ36དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ5432སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཏུ་སྡོད་ཁང་ཡུན་རིང་གླ་གཏོང་གི་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ་འཁོར་རྒྱུག་སྡོད་ཁང་ཁྲི1དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི2406འཛུགས་སྐྲུན་བྱས་ནས་སྤྱི་བདེ་ཉེན་རྟོག་པ་དང་། དགེ་རྒན། གཞོན་ནུ་ལས་བཟོ་པ་སོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་སུ་གཏོང་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།