བོད་ལྗོངས་ཀྱིས་མཁའ་ལམ20གསར་སྣོན་བྱས་ཏེ་ཡུལ་སྐོར་བྱེད་ཡུལ་བསྐྲུན་རྒྱུ་རེད།

2.jpg

ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་སྐོར་པས་པར་རྒྱག་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་ཐེངས་བཞི་བའི་སྟེང་བསྒྲགས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཁྲོད་བསྟན་དོན། 2021ལོར་བོད་ལྗོངས་ཀྱིས་མཁའ་ལམ20གསར་སྣོན་བྱ་རྩིས་ཡོད་པ་དང་། ས་ཁོངས་ཀྱི་མཁའ་ལམ་པ་སེ་ལོ་འདིའི་ནང20%བཅག་ནས་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་ཡུལ་སྐོར་བྱེད་ཡུལ་བསྐྲུན་པར་འབད་བརྩོན་བྱ་རྒྱུ་རེད། 

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས“དགུན་དུས་བོད་ལྗོངས་སུ་བསྐྱོད་པའི”བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་མི་ཐེངས་དང་ཡོང་འབབ་ལོ་གཉིས་ཀྱི་སྔོན་ལ་འཆར་གཞིའི་དམིགས་ཚད་ལེགས་འགྲུབ་བྱས་ཏེ། སོ་སོར“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་ལྡབ2.3དང་ལྡབ2.4ཡིན། རོང་འབྲོག་མང་ཚོགས་ཁྲི8.6ལྷག་གྲོང་ཚོའི་ཡུལ་སྐོར་ཁྲོད་ཞུགས་ཏེ་ལས་ཞུགས་བྱས་ཤིང་། ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར4300འཕར་སྣོན་བྱུང་། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི234བཙུགས་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར60སླེབས་ནས་ལོ་རེར་ཆ་སྙོམས་སུ15%འཕར་ཡོད།

སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད་བསྟན་དོན། 2021ལོར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ལྗོངས་ཀྱིས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཚོང་འགུག་དངུལ་འདྲེན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དངུལ་གཏོང་བཅས་བརྒྱུད་དེ་སྒོར་དུང་ཕྱུར100ཡན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱ་རྒྱུ། དེ་མིན“གནམ་མཚོའི་ཡུལ་སྐོར”དང་“མཚམས་མཚམས་བསྐྱོད་པའི”ལམ་ཐིག་རྩེ་གྲ་བཏོད་དེ། G219ཡུལ་སྐོར་ལམ་ཆེན་བསྐྲུན་རྒྱུ། “བོད་ལྗོངས་ཀྱི་རིག་གནས་གསར་སྐྲུན”ལས་རྣམ་པ་གསར་བའི་གསོ་སྐྱོང་ལས་གཞི་ལག་བསྟར་བྱེད་འགོ་རྩོམ་རྒྱུ་དང་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་དང་གསར་བརྗེ་ཡུལ་སྐོར་ལམ་ཐིག་བསྐྲུན་རྒྱུ་རེད།

2021ལོར་བོད་ལྗོངས་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱིས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི600ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་དང་། ཡུལ་སྐོར་མི་ཐེངས་དང་ཡོང་འབབ20%ཡན་འཕར་བར་བྱས་ནས་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་ཡུལ་སྐོར་བྱེད་ཡུལ་བསྐྲུན་པར་འབད་བརྩོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།