“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱེད་ཚད་མུའུ་ཁྲི600ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2023ལོར་བསླེབ་དུས་བོད་ལྗོངས་ཀྱི་ས་བབ་མཐོ་ཚད་སྨི4300མན་གྱི་སྲིད་འཛིན་གྲོང་ཚོ་ཚང་མས་སྡོང་རྐང་ཁྲི2000ཙམ་འཛུགས་རྒྱུ་དང་། སྲིད་འཛིན་གྲོང་ཚོའི་སྤང་ལྗོངས་ཁེབས་ཚད25%ཡན་ལ་བསླེབ་རྒྱུ། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཚོ200འཛུགས་སྐྲུན་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས“གཙང་བོ་གཉིས་དང་ཆུ་བོ་བཞི”ཡི་འབབ་ཡུལ་དུ་སྡོང་འཛུགས་ནགས་སྐྲུན་དང་། ལྷ་ས་དང་དེའི་མཐའ་སྐོར་ས་ཁུལ་གྱི་ནགས་སྐྲུན་ལྗང་སྒྱུར། གཙོ་གནད་ས་ཁོངས་སུ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། བསྡོམས་པས་ནགས་ཚལ་མུའུ་ཁྲི596.48སྐྲུན་པ་དང་། ལྷ་སའི་གཙང་བོའི་འབབ་ཡུལ་དང་། ལྷོ་ཁའི་གུང་དཀར་ནས་སྣེ་གདོང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་རྡལ་མཐའ་སྐོར་སོགས་གཙོ་གནད་ས་ཁུལ་གྱི་འགོག་སྲུང་ནགས་ཀྱི་མ་ལག་རིམ་བཞིན་གཞི་ཁྱོན་ཅན་དུ་གྱུར་ནས། སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་ནུས་མངོན་གསལ་དུ་ཐོབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།