གུང་དཀར་རྫོང་གིས་ཁྱོན་ཡོངས་ནས་པྲོག་གསར་གློ་ཚད་རིམ་ནད་ཀྱི་འགོག་སྨན་རྒྱག་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན་ནས་བཟུང་། གུང་དཀར་རྫོང་གིས་ཁག་དང་པོའི་གཙོ་གནད་མི་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་པའི་ལས་དོན་མུ་རུ་སྤེལ།

ཐེངས་འདིའི་འགོག་སྨན་རྒྱག་པའི་གཙོ་གནད་མི་ཚོགས་ཀྱི་ཁྲོད་སྤྱི་བདེ་ཉེན་རྟོག་པ་དང་། སྨན་ཞབས་མི་སྣ། རིགས་ནད་སྔོན་འགོག་མི་སྣ། མེ་འགོག་མི་སྣ། སློབ་གྲྭའི་ལས་བཟོ་བ། རིམས་ནད་ལས་དོན་མི་སྣ། རྒན་གསོ་ཁང་གི་ལས་བཟོ་བ། ཞིང་ལས་ཁྲོམ་རའི་ལས་བཟོ་བ། རྒྱ་ཆེའི་སྒོ་རྩིས་ཚོང་ཁང་གི་ལས་བཟོ་བ་སོགས་ཡོད་ལ། ཟླ1པོའི་ཚེས11ཉིན་བར། སྤྱི་བསྡོམས་པས་མི256ལ་འགོག་སྨན་རྒྱབ་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།