ཉིང་ཁྲི་གྲོང་ཁྱེར་གྱིས“ཚོད་སླེ”བརྟན་རླིང་དུ་བཏང་ནས་དམངས་འཚོར་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོ་ཆེད། ཉེ་བའི་ལོ་འགའི་རིང་ལ། ཉིང་ཁྲི་གྲོང་ཁྱེར་གྱིས“ཚོད་སླེའི”བཟོ་འགོད་དེ་བྱ་བའི་གཙོ་གནད་དུ་བཟུང་ནས། ཐོན་སྐྱེད་འདོན་སྤྲོད་འབྲེལ་ཐག་འཐུས་ཚང་དུ་བཏང་སྟེ། “ཚོད་སླེ”བཟོ་འགོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ནན་ཏན་བཏང་། ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་རྫས་ཀྱི་འགན་སྲུང་ནུས་ཤུགས་ཇེ་མཐོར་བཏང་ནས། གནོད་མེད་བདེ་འཇགས་ཀྱི་ཞིང་ལས་ཐོན་རྫས་མང་ཚོགས་ལ་འདོན་སྤྲོད་བྱས་པ་བརྒྱུད། རྒྱ་ཆེའི་མཁར་གྲོང་སྡོད་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་ཇེ་མཐོར་བཏང་།

མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་སྔོ་ཚལ་ཐད་ཚོང་ཁང5ཡོད་པ་དང་། དེའི་ནང་ལས་གཉེར་བྱེད་བཞིན་པའི་སྔོ་ཚལ་ཐད་ཚོང་ཁང4དང་ལས་གཉེར་བྱེད་འགོ་རྩོམ་པའི་སྔོ་ཚལ་ཐད་ཚོང་ཁང1ཡོད། གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི4.1ལ་སླེབས་ཡོད། ད་ལོར་གཞི་ཁྱོན་མུའུ་ཁྲི2.88ཁ་སྣོན་བྱས་ཏེ། སྔོ་ཚལ་གྱི་ཐོན་ཚད་ཏུན་ཁྲི4.84མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།