ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་སྐོར་གྱི་སྒྲོག་འགྲེལ་ཡོངས་སུ་ཁྱབ་པར་བརྩོན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་འགན་སྲུང་གི་དམངས་ཕན་སྲིད་ཇུས་སྐོར་གྱི་སྒྲོག་འགྲེལ་བྱ་བར་ཤུགས་བསྣན་ཏེ། སྡོད་དམངས་མང་ཚོགས་ཀྱི་དམངས་ཕན་སྲིད་ཇུས་ཤེས་རྟོགས་བྱེད་ཚད་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ལག་བསྟར་བྱ་བ་སྔར་ལས་དངོས་འབེབས་བྱ་ཆེད། ཉེ་ལམ། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་སྲང་ལམ12སུ་བསྐྱོད་དེ། ལས་ཁུངས་མང་པོ་དང་མཉམ་དུ་ཕྱོགས་བསྡུས་སྲིད་ཇུས་དང་བྱེད་ཐབས་མང་པོ་སྤྱད་དེ། སྤྱི་ཚོགས་འགན་སྲུང་སྲིད་ཇུས་སྐོར་གྱི་སྒྲོག་འགྲེལ་ཡོངས་སུ་ཁྱབ་པར་ཁག་ཐེག་བྱས།

སྒྲོག་འགྲེལ་ཚོགས་པ་སྲང་ལམ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་སོ་སོ་རུ་བསྐྱོད་དེ་གོ་བདེ་ཞིང་ཤེས་སླ་བའི་སྒྲོག་འགྲེལ་རྣམ་པས་སྡོད་དམངས་མང་ཚོགས་ལ་སྲིད་གཞུང་གིས་གཏན་འབེབས་བྱས་པའི་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་བཅོལ་དང་། སྤྱི་ཚོགས་འགན་སྲུང་བྱང་བུའི་འབྲེལ་ཡོད་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་བྱས། དངོས་དཔེ་འཇོག་པ་དང་དོགས་གཞིར་ལན་འདེབས་པའི་ཚུལ་དུ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་ཕན་སྲིད་ཇུས་སེམས་སུ་ཟུག་པར་རོགས་རམ་བྱས།

སྒྲོག་འགྲེལ་ཚོགས་པས་མང་ཚོགས་ནང་དུ་ཞུགས་ཚད་དང་ཤེས་རྟོགས་བྱེད་ཚད་སྒྲོག་འགྲེལ་བྱ་བའི་གཙོ་གནད་དུ་བཟུང་ནས། ཐེངས་འདིའི་སྒྲོག་འགྲེལ་ལ་མང་ཚོགས1200ལྷག་ཞུགས་པ་དང་། གནས་གཅིག་ཁྱོན་འཁྲིད་ཀྱིས་ཁེ་ཕན་ཐོབ་པའི་མང་ཚོགས་ཁྲི་ཙལ་ལ་སླེབས་ཡོད།

སྤུས་ལེགས་ཞབས་ཞུ་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་། རིམ་པ་གསུམ་པའི་ཞབས་ཞུ་ཚོམས་ཆེན་དུ་ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཞབས་ཞུ་སྒེའུ་ཁུང་གཉིས་བཙུགས་ཏེ། ཆ་སྙོམས་སུ་ཉིན་རེའི་བྱེད་སྒོ་སྒྲུབ་ཚད200ལྷག་ལ་སླེབས། དེ་དང་ཆབས་ཅིག བྱེད་སྒོ་དུས་ལྟར་ཉིན་དེར་སྒྲུབ་ཐུབ་པར་འགན་སྲུང་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།