ལྷོ་ཁ་གྲོང་ཁྱེར་གྱིས་དྲ་ཐོག་དང་ཡུལ་དངོས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་རིང་ལ། ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གནས་བབ་ལ་དམིགས་ཏེ། “མཉམ་དུ་སྤེལ་བ་བཞི”ལ་བརྟེན་ནས་ངལ་ལས་ཕྱིར་གཏོང་རྒྱུན་རྣམ་ཅན་དུ་སྤེལ་བ་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་།

ལས་གནས་གསར་སྤེལ་དང་དྲ་ཐོག་གི་གདན་ཞུ་མཉམ་དུ་སྤེལ་བ། ཡུལ་དངོས་ཀྱི་ལས་ཞུགས་དེ་དྲ་ཐོག་གི་ལས་ཞུགས་སུ་བསྒྱུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་བྱ་བ་གཉིས་ཀར་འགོར་འགྱངས་མེད་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་བ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།

གཞི་གྲངས་གཏིང་ལོན་དང་ལས་ཞུགས་ཞབས་ཞུ་མཉམ་དུ་སྤེལ་བ། གྲོང་ཁྱེར་སྲིད་གཞུང་གཞུང་སྒྲུབ་ཁང་གིས་རྫོང་སོ་སོའི་མི་དམངས་སྲིད་གཞུང་ལ《ངལ་རྩོལ་བ་དང་ཞོར་ལས་པའི་མཉམ་འབྲེལ་རུ་ཁག ཁེ་ལས་བཅས་ཀྱི་མི་སྤྱོད་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱེད་པའི་བསྡོམས་རྩིས་བྱ་བ་ལེགས་པོར་སྒྲུབ་པའི་བརྡ་སྦྱོར》དང་འབྲེལ་ཏེ། རྫོང་སོ་སོའི་མངའ་ཁོངས་ཀྱི་ངལ་ལས་ལྷག་མ་དང་ཞོར་ལས་པའི་མཉམ་འབྲེལ་རུ་ཁག་གི་གནས་ཚུལ་ལ་རྒྱུས་ལོན་བྱས། 2020ལོའི་ལོ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་ངལ་ལས་མི6700ལྷག་ཕྱིར་གཏོང་བྱས་ཏེ་ཡོང་སྒོ་སྒོར་ཁྲི2379ལྷག་བསྐྲུན།

སྲིད་ཇུས་དྲིལ་བསྒྲགས་དང་ནུས་རྩལ་གསོ་སྦྱོང་མཉམ་དུ་སྤེལ་བ། 2020ལོའི་ལོ་མཇུག་བར་དུ་རིགས་སོ་སོའི་གསོ་སྦྱོང་ཐེངས267སྤེལ་ཏེ་ངལ་རྩོལ་བ12868དང་འབྲེལ་བ་ཡོད།

ལྟེ་བའི་ལས་དོན་དང་གཙོ་གནད་ལས་དོན་མཉམ་དུ་སྤེལ་བ། བྱ་བའི་ཆེད་དོན་འཛིན་གྲྭ་རྩ་འཛུགས་བྱས་ནས་སྔ་གཞུག་ཏུ་སྲིན་པོ་རིའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོར་ས་ཚིགས་སུ་ཐེངས་གསུམ་ལ་སོང་ནས་མང་ཚོགས་ཀྱི་ལས་ཞུགས་འདོད་མོས་ལ་རྟོག་ཞིབ་བྱས་པ་བརྒྱུད། ཁ་ལོ་བ་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན། ཇ་མ་སོགས་གསོ་སྦྱོང་རྣམ་གྲངས10གཏན་འཁེལ་བྱས་ཏེ། མང་ཚོགས463དང་འབྲེལ་བ་ཡོད་པ་དང་མ་དངུལ་སྒོར་ཁྲི160.09ཟིན། 2020ལོའི་ལོ་མཇུག་བར་དུ། གསོ་སྦྱོང་འཛིན་གྲྭ་ཐེངས2སྤེལ་ཏེ་མང་ཚོགས70ལ་དངོས་ཕན་ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།