བོད་ལྗོངས་ལྷོ་རོང་རྫོང་གིས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་རྟེན་གཞི་བཙུགས་པ།

139670015_16106865865051n.jpg

ལྷོ་རོང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་རྟེན་གཞིའི་འགོ་ཚུགས་མཛད་སྒོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷོ་རོང་ཁྱད་ལྡན་ཐོན་ལས་འཐབ་ཇུས་གསོ་སྐྱོང་རྟེན་གཞིར(གཤམ་དུ་ལྟེ་གནས་ཞེས་བསྡུ་རྒྱུ་ཡིན)སྒོ་བྱང་འགེལ་བའི་མཛད་སྒོ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་གཉིས་སྐྲུན་ལྟེ་གནས་སུ་སྤེལ་བ་དང་། ལྟེ་གནས2019ལོའི་འཁོར་སྐྱོད་ཚོད་ལྟ་བྱས་པའི་རིང་ལ། ས་གནས་དེ་ཁེ་ལས16(དེའི་ཁྲོད་བོད་སྐྱོར་ཁེ་ལས2ཡོད)ལྟེ་གནས་སུ་གནས་སྤར་ཏེ། མི240ཡི་ལས་ཞུགས་ཐག་གཅོད་བྱས།

139670015_16106865866191n.jpg

མང་ཚོགས་ཀྱིས་ས་གནས་དེའི་སྒྱུ་རྩལ་ལས་སྐྲུན་ལས་དོན་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

མིག་སྔར་ལྟེ་གནས་ཀྱིས་གནས་སྤར་འགྲོ་ལུགས་སྒྲུབ་པ་དང་། མིང་ཐོ་འགོད་པ། རྩིས་གཉེར་ཁྲལ་འཇལ། བཅའ་ཁྲིམས་འདྲི་རྟོག མི་སྣ་གདན་ཞུ། ལས་སྐྲུན་ཟུར་ཁྲིད། དངུལ་གཏོང་དང་ཐོན་ལས་ཕྲེང་འབྲེལ་འབྲེལ་མཐུད་སོགས་གཅིག་ཏུ་བསྡུས་པའི་ཞབས་ཞུ་མ་ལག་སྐྲུན་པ་དང་། ནང་འདྲེན་གཞི་ཚུགས་འདོན་སྤྲོད། ལས་ཞུགས་ལས་སྐྲུན་རྒྱབ་སྐྱོར། གསོ་སྐྱོང་འཚར་ལོངས། རིག་གནས་གསར་གཏོད། ཤེས་བྱའི་ཐོན་དབང་སྲུང་སྐྱོང་སོགས་དུས་འཁོར་ཡོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འདོན་སྤྲོད་བྱེད་བཞིན་ཡོད།

139670015_16106865866651n.jpg

ས་གནས་དེའི་ལས་སྐྲུན་ཁེ་ལས་ཀྱི་ལས་བཟོ་བས་འཁོར་ཁང་དུ་ལས་གཉེར་བྱེད་བཞིན་པ།

རྒྱུས་ལོན་པ་ལྟར་ན། མ་འོངས་བར་ལྟེ་གནས་ཀྱིས་རང་སྟེང་གི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ལྷོ་རོང་གི་ནས་ཀྱི་ཐོན་ལས་རྨང་གཞིར་བྱས་ནས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པ་དང་། ཆབ་མདོའི་རྒྱུ་སྤུས། ལྷོ་རོང་ཁྱད་ཆོས་ཀྱི་མཐོ་སྒང་གི་ཁྱད་ལྡན་སྤྲོ་གསེང་ཟས་རིགས་ཐོན་རྫས་སྐོར་ཞིག་ལས་སྣོན་བྱས་པ་བརྒྱུད། ལྷོ་རོང་གི་ན་གཞོན་མང་པོོ་ཕ་ཡུལ་དུ་ཡོང་ནས་ལས་ཞུགས་དང་འཚོ་གནས་བྱེད་པར་ཡིད་དབང་བཀུག་སྟེ། ལས་སྐྲུན་གསར་གཏོད་ལ་རོགས་སྐྱོར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།