དུས་ཚིགས་སྔོན་མ་གསུམ་གྱི་ནང་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་རླིང་ངང་འཕར་སྣོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ནག་ཆུ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྐུལ་འདེད་བཏང་སྟེ། དུས་ཚིགས་སྔོན་མ་གསུམ་གྱི་ནང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར“བརྟན་རླིང་ཁྲོད་འཕར་སྣོན་བྱུང་བ་དང་། སྤྱིའི་ཆ་ནས་ལེགས་པའི”རྣམ་པ་རྒྱུན་འཁྱོངས་བྱས། 

རྒྱུས་ལོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་། ནག་ཆུ་གྲོང་ཁྱེར་གྱིས“མཁྲེགས་གཏོར་ཆེན་པོ་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཟླ9བའི་ཟླ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་པ29461ལས་ཞུགས་སྤོ་སྒྱུར་བྱས་ཏེ་ཡོང་སྒོ་སྒོར་དུང་ཕྱུར3.22སྐྲུན། མི7118ལ་ནུས་རྩལ་གསོ་སྦྱོང་བྱས་པ་བརྒྱུད་དེ། དེའི་ཁྲོད་ཀྱི་མི5186ལས་ཞུགས་བྱས། མ་དངུལ་སྒོར་ཁྲི1503དངོས་འབེབས་བྱས་ཏེ་ཉེན་ཡོད་སྡོད་ཁང1132བསྒྱུར་བཀོད་བྱས།

ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱིས་རིགས་སོ་སོའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང1540འཕེལ་རྒྱས་སུ་བཏང་བ་དང་། དེ་ལས་ཁྱིམ་ཚང་ཁྲི7.35ཡི་མང་ཚོགས་ཁྲི32.29སྣེ་ཁྲིད་བྱས། དུས་ཚིགས་སྔོན་མ་གསུམ་གྱི་ནང་གནས་སྐོར་བ་མི་ཐེངས་ཁྲི75.64སྣེ་ལེན་བྱས་ཏེ་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར2.29སྐྲུན་པ་དང་། 5Gདྲ་རྒྱའི་རྟེན་གཞི161བཙུགས། སྐོར་དང་པོའི་སློབ་གྲྭ16གི་རིག་ནུས་སློབ་རའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། དུས་ཚིགས་སྔོན་མ་གསུམ་གྱི་ནང་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་གི་འཕར་ཚད54.4%ཟིན་ཏེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་བསྡོམས་པས6.4%འཕར་ཏེ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི3310.02མངོན་འགྱུར་བྱས། བོད་སྨན་བཟོ་གྲྭ4ཡིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི959.39མངོན་འགྱུར་བྱས།

མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར125.04མངོན་འགྱུར་བྱས་ཏེ་དུས་མཉམ་ལས5.8%འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་དུས་མཉམ་ལས2.4%འཕར། གྲོང་ཚོའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར10590ལ་སླེབས་ཏེ་དུས་མཉམ་ལས11.2%འཕར། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར31694ལ་སླེབས་ཏེ་དུས་མཉམ་ལས9.4%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།