མངའ་རིས་ས་ཁུལ་གྱིས་གསོ་རླུང་མཁོ་འདོན་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས་ལས་བྱེད་པའི་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོར་པར་མངའ་རིས་ཨོའུ་ཝུའེ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱི་གསོ་རླུང་གཅིག་སྡུད་མཁོ་འདོན་ལས་གྲྭས་ཁྱོན་བསྡོམས་མི་12621ལ་གསོ་རླུང་མཁོ་འདོན་བྱས་ནས་ལས་བྱེད་པ་དང་ལས་བཟོའི་ལུས་སེམས་བདེ་ཐང་ལ་འགན་ལེན་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མཐོ་གྲང་གསོ་རླུང་དཀོན་པ་ལས་བྱུང་བའི་བདེ་ཐང་གི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་མངའ་རིས་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད། 2016ལོ་ཚུན་དུ་ཚོང་འགུགས་མ་འདྲེན་གྱི་རྣམ་པ་བརྒྱུད་མངའ་རིས་ཨོའུ་ཝུའེ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་མ་འཇོག་གྲོས་མཐུན་བཞག་སྟེ་ས་བབ་མཐོ་སར་གསོ་རླུང་གཅིག་སྡུད་མཁོ་འདོན་གྱི་ལས་གྲྭ་དངོས་སུ་འགོ་བཙུགས་པ་རེད།

མིག་སྔར། གསོ་རླུང་གཅིག་སྡུད་མཁོ་འདོན་ལས་གྲྭས་ཁྱོན་བསྡོམས་མི་12621ལ་གསོ་རླུང་མཁོ་འདོན་བྱས་པ་དང་། གསོ་རླུང་བཟོ་གྲྭས་ཉིན་ལྟར་བར་མཚམས་མི་འཇོག་པར་གསོ་རླུང་སྨི་རྒྱ་དཔངས་གྲུ་བཞི་3450བཟོ་ཡི་ཡོད། ད་བར་བདེ་འཇཌ་ངང་ཐོན་སྐྱེད་འཁོར་རྒྱུག་ལོ་བཞི་བྱས་པར་གསོ་རླུང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་50ལྷག་ཙམ་མཁོ་འདོན་བྱས་ཏེ། མངའ་རིས་ཀྱི་ལས་བྱེད་པ་དང་། མང་ཚོཌ་ཀྱི་བདེ་ཐང་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།