ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤེས་བྱའི་དཔེ་ཁུག་གནང་བའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱིམ་ཚང་སློབ་གསོའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྡེ་ཁུལ་གྱི་བྱིས་པ་བདེ་ཐང་དགའ་སྤྲོའི་ངང་འཚར་ལོངས་བྱུང་བར་རོགས་སྐྱོར་བྱ་ཆེད། ཉེ་ལམ་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཇ་རྟའི་ཐང་ཆེན་དུ་ཤེས་བྱའི་དཔེ་ཁུག་གནང་བའི་སྤྱི་ཕན་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་འགོ་བརྩམས་པ་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་ཁྱིམ་ཚང་ལ་ཕྱོགས་ཡོངས་རང་བཞིན་གྱི་བསམ་པའི་དོ་ཁུར་དང་ཤེས་བྱའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་དེ་ཡིན། ཐེངས་འདིའི་བྱ་འགུལ་སྐབས་སུ་བསྡོམས་པས་མཁར་རོ་ཆུས་ཀྱི་སྡེ་ཁུལ11གི་ཁྱིམ་ཚང་དབུལ་བོར་གཅེས་སེམས་ཤེས་བྱའི་དཔེ་ཁུག72གནང་།

ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་རྒྱུར། རྗེས་མར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤེས་བྱའི་དཔེ་ཁུག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དེ་ཁྱིམ་ཚང་བྱ་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཁྱིམ་སྲོལ་ཡག་པོར་བརྟེན་ནས་འཆམ་མཐུན་འཕེལ་རྒྱས་ཀྱི་སྤྱི་ཚོགས་དར་སྲོལ་ལ་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་རྒྱ་ཆེའི་ཁྱིམ་ཚང་ཁྲོད་རྐང་ཚུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །      

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།