ལྷ་སའི་ཀའོ་ཤིན་ཁུལ་གསར་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་ལས་སྐྲུན་ཐབས་ལམ་རྒྱ་བསྐྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནས་སྤོར་མང་ཚོགས་ཀྱིས་ལས་ཀ་ལས་རྒྱུ་ཡོད་པ་དང་། ལས་ཞུགས་བྱེད་ཐུབ་པ། ཡོང་སྒོ་སྐྲུན་ཐུབ་པ་བཅས་བྱས་ནས། སྒོ་འགྲམ་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། 2020ལོའི་རིང་ལ། ལྷ་སའི་ཀའོ་ཞིན་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་ལས་སྐྲུན་ཐབས་ལམ་རྒྱ་བསྐྱེད་པ་རེད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། ལྷ་སའི་ཀའོ་ཤིན་ཁུལ་གྱིས་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་དང་ལས་ཞུགས་ལས་སྐྲུན་སློབ་གསོའི་སྣེ་ཁྲིད་ལ་བརྟེན་ནས། ཚོང་ར་དང་འབྲེལ་མཐུད་བྱས་པ་བརྒྱུད། ཁྱིམ་ཚང་རེ་རེར་སོང་ནས་ཚགས་འཛུགས་བྱང་སྒྲིག་ཞིབ་དཔྱད་དང་། གནས་སྤོར་མང་ཚོགས་ཀྱི་ངལ་ལས་ཆ་འཕྲིན་དང་ལས་ཞུགས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། དེ་མིན་མང་ཚོགས་ཀྱིས་དུས་ལྟར་ལས་ཞུགས་སྲིད་ཇུས་ཤེས་བར་སྐུལ་འདེད་བཏང་ནས། ལས་ཞུགས་ཐུབ་པ་དང་ཕྱུག་སྒྱུར་ཐུབ་པར་རྨང་གཞི་བརྟན་པོ་བཏིང་།

དུས་མཉམ་དུ། ལྷ་སའི་ཀའོ་ཞིན་ཁུལ་གྱིས་ཆེད་དོན་རྟོག་ཞིབ་སྤེལ་ཏེ། གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་འདོད་མོས་རྒྱུས་ལོན་ཟབ་མོ་བྱས་ལ། ཚོང་རའི་དགོས་མཁོ་དང་མང་ཚོགས་ཀྱི་ལས་ཞུགས་འདོད་མོས་ཟུང་འབྲེལ་བྱེད་པའི་སྒོ་ནས་བྱེད་ཐབས་མང་པོ་དང་རྣམ་པ་སྣ་མང་གིས་སྟག་གདོང་གྲོང་ཚོ་དང་བདེ་དབྱང་གྲོང་ཚོའི་ཚགས་འཛུགས་བྱང་སྒྲིག་མང་ཚོགས་དང་། ཆུ་ཤུར་དང་སན་ཡན་གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་བྱ་བར་རོགས་སྐྱོར་བྱས། མིག་སྔའི་བར་དུ། ལྷ་སའི་ཀའོ་ཤིན་ཁུལ་གྱིས་མང་ཚོགས677ལས་ཞུགས་སྤོ་སྒྱུར་བྱས།

དེ་ལས་གཞན། 2020ལོར། ལྷ་སའི་ཀའོ་ཤིན་ཁུལ་གྱིས་མང་ཚོགས་ལ་ལས་གནས302གསར་སྤེལ་བྱས་ཏེ། མང་ཚོགས106བརྟན་རླིང་ངང་ལས་ཞུགས་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ཟླ་རེར་སྒོར3411ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།