ས་བབ་མཐོ་ཚད་སྨི4700ཡི་སྙིང་སྟོབས་རྒྱུན་འཛིན་བྱེད་པ།

3f192370-25a5-4de8-9e9c-6c25d29287cd.jpg

འདི་ནི་ཉེན་རྟོག་དཔོན་ཚེ་དབང་མགོན་པོ་དང་ལས་རོགས་ཀྱིས་འགོག་སྲུང་ལྕགས་དྲ་ཉམས་བཟོ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་མདོ་མེ་འཁོར་འབབ་ཚུགས་ནི་འགྲུལ་པ་མེ་འཁོར་བསྡད་ནས་བོད་དུ་ཡོང་བའི་འབབ་ཚུགས་དང་པོ་དེ་ཡིན་པ་མ་ཟད། ས་བབ་མཐོ་ཤོས་སུ་སྡོད་བྱ་བྱེད་མཁན་ཡོད་པའི་མེ་འཁོར་འབབ་ཚུགས་ཤིག་ཀྱང་རེད། ས་བབ་མཐོ་ཚད་སྨི་4702ཟིན་པ་དང་དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30སླེབས་ཀྱི་ཡོད།

ཨ་མདོ་ཉེན་དོན་ཁུལ་བོད་བྱང་ཐང་གི་ས་མཐོར་གནས་ཤིང་། གདང་ལའི་ལྷོ་འདབས་ནས་མཚོ་ནག་མཚོ་བར་གྱི་སྤྱི་ལེ་114ཡོད་པའི་ལྕགས་ལམ་ལམ་ཐིག་དོ་དམ་བྱེད་ཀྱི་ཡོད་པ་དང་། 2019ལོར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས“ཐེན་ཧྥེང་གི་དཔའ་བོ་དཔེ་བཟང་གི་ཉེན་དོན་ཁུལ”ཞེས་པའི་མཚན་སྙན་སྤྲད་པ་རེད།

ཉེན་རྟོག་དཔོན་ཚེ་དབང་མགོན་པོས་མི་དམངས་ཉེན་རྟོག་པ་བཀྲ་ཤིས་ཉི་མ་དང་ལེན་པིན་གྱི་སྣེ་ཁྲིད་དེ་སྐད་གྲགས་མེད་པར་བོད་ཀྱི་བྱང་སྒོ་ཆེན་མོ་བསྲུངས་ནས་སྤྱི་བདེ་པུའུ་ཡི་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་བ་ཐེན་ཧྥེང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།

2020ལོའི་ཟླ་11པར། ཨ་མདོར་གངས་ཆེན་པོ་བབས་ནས་འབྲོག་ཁུལ་གྱི་འགྲོ་ལམ་ཡོངས་གངས་ཀྱིས་འགག ཕྱུགས་ཟོག་གི་གཟན་རྩྭ་དཀོན་པས་ནོར་ལུག་འགོག་སྲུང་ལྕགས་དྲའི་ནང་འཛུལ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། ཁོངས་གཏོགས་ཁུལ་གྱི་ལྕགས་ལམ་གྱི་རྨང་གཞིའི་འགོག་སྲུང་སྒྲིག་ཆས་ཀྱི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ལམ་ཐིག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད་བཀྲ་ཤིས་ཉི་མ་དང་ལམ་སྲུང་རུ་མིས་རྒྱུག་མཐུད་འགྲན་བསྡུར་གྱི་བྱེད་སྟངས་སྤྱད་དེ་ལམ་ཐིག་གི་གནས་ཚུལ་མཐིལ་རྟོགས་བྱས། ཉིན་མོ་པུས་མོའི་མཚམས་སུ་སླེབས་པའི་གངས་གསོག་ཐེབས་པའི་ལམ་ཐིག་ཐོག་འགྲོ་དགོས་པ་དང་། མཚན་མོར་རྔུལ་ཆུས་རློན་རྐྱང་ཆགས་པའི་སྲིང་བལ་སྟོད་ཀོར་འབྲོག་པའི་ཐབ་ཟུར་དུ་སྐམ་དགོས་ཀྱི་ཡོད། དེ་ལྟར་བསྟུད་མར་ཉིན་10ལམ་ཐག་སྤྱི་ལེ་113བསྐྱོད་ནས། བཀྲ་ཤིས་ཉི་མ་དང་ལམ་སྲུང་ཡུལ་དམག་གིས་མཉམ་དུ་ལམ་ཐིག་འགོག་སྲུང་ར་བའི་ཕྱི་ནང་ཉམས་གསོ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་མཚོ་བོད་ལྕགས་ལམ་བདེ་འཇགས་ཤར་གཏོང་འགན་ལེན་བྱས།

བསྟུད་མར་ཉིན་10རིང་ཁྲེ་ཙེ་གཅིག་ཙམ་གྱི་མཚམས་སུ་སླེབས་པའི་གངས་གསོག་ཁྲོད་ལམ་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་བསྐྱོད་རྒྱུ་དེ་ཨ་མདོར་ས་སྐྱེས་རྡོ་སྐྱེས་བྱུང་བའི་ལམ་སྲུང་གཞོན་ནུ་རུ་མིའི་ངོས་ནས་བརྗོད་ནའང་སྒྲུབ་དཀའ་བ་ཞིག་རེད། འོན་ཀྱང་“བཀྲ་ཤིས་ཉི་མ་ནི་ལྕགས་ལས་གྲུབ་པ་ལྟ་བུའི་མི་ཞིག་རེད”ཅེས་ཁོང་དང་མཉམ་དུ་འབད་འཐབ་བྱེད་བཞིན་པའི་ལམ་སྲུང་རུ་མིས་མྱོང་ཚོར་ཆེན་པོའི་ངང་དེ་ལྟར་བཤད།

2020ལོར་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་སྐབས་ལྷ་སར་འཁོར་ཞག་ཏུ་བསྡད་པའི་ཚེ་དབང་མགོན་པོས་རང་འགུལ་ངང་དམག་འཐབ་ནང་ཞུགས་རྒྱུའི་རེ་བ་ཞུས་ནས་འཕྲལ་མར་ཨ་མདོར་ལོག་པ་དང་འབྲེལ་རང་འགུལ་ངང་ཨ་མདོ་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་དང་མཐུན་སྦྱོར་བྱས་ཏེ་མཉམ་དུ་རིམས་འགོག་ལས་དོན་ནང་ཞུགས།

ཁོང་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་དད་སེམས་དང་ལས་ཀ་དེར་བཅངས་པའི་སྤྲོ་སྣང་ལ་བརྟེན་ནས་མེ་འཁོར་འབབ་ཚུགས་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ། སློབ་གྲྭ་བཅས་སུ་བསྐྱོད་ནས་མང་ཚོགས་ལ་རིམས་འགོག་གི་ཤེས་བྱ་ཡང་ནས་ཡང་དུ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།