ལྷོ་ཁ་གྲོང་ཁྱེར་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་2020ལོའི་ཚང་འཛོམས(རྒྱ་ཆེའི)ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། གྲོང་ཁྱེར་དེས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི“དམར་ཐིག”གི་འདུ་ཤེས་དང“མཐའ་ཚད”ཀྱི་བསམ་བློ་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས། མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལ་དམ་འཛིན་ནན་པོ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ཡང་དག དམིགས་བསལ་གྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཚབས་ཆེན་དོགས་ཟོན་དང་བཀག་འགོག་དམིགས་ཚད་དུ་བྱེད་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམ་འཛིན་ནན་པོ། ཁྲིམས་འཛིན་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མ་ཐོན་སྔོན་འགོག་ནན་པོ་བཅས་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་དང་། ཨར་སྐྲུན་ལས་གྲྭའི་ཁྱབ་ཁོངས། ཉེན་ཡོད་རྫས་འགྱུར་དངོས་རྫས། མེ་ཟོན་ཁྱབ་ཁོངས་སོགས་ཀྱི་བདེ་འཇགས་ལྟ་འདོམས་ལ་དམ་འཛིན་ལྷོད་མེད་བྱས་ཡོད། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས། བདེ་འཇགས་ཀྱི་བྱེད་ཐབས་ནན་པོ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པར་བྱས་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འཐབ་ནུས་ཆེ་རུ་ཏན་ཏིག་བཏང་ཡོད། འགན་འཁྲི་དོན་འཁྱོལ་དང་། ལས་དོན་བཀོད་གཏོང་། དཔྱད་ཞིབ་དཔྱད་དཔོག དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།