བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་སླེབས་གྲབས་ཡོད་པ།

W020210105318985784235.jpg

འདི་ནི་ཁྲོན་བོད་ལྕགས་ལམ་གྱི་ཨར་སྐྲུན་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་བསྡུས་ནས2021ལོའི་ལས་ཀའི་དམིགས་ཚད་མངོན་གསལ་དོད་པོར་བཟོས་ཏེ། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་དང་། མྱུར་བགྲོད་ལྕགས་ལམ་གྱི་སྤ་སེའི་རིན་གོང་ཧེ་བག་ཅན་དུ་གཏོང་བའི་རིན་གོང་གཏན་སྲོལ། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་གཏོང་བ་སོགས་ཀྱི་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ་རེད།

W020210106306557800230.gif

ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་དང་བདེ་འཇགས་སྤུས་ལེགས་ཀྱི་སྒོ་ནས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་ཏན་ཏིག་གཏོང་བ། ལྕགས་ལམ་ལ་མ་དངུལ་གཏོང་བའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བཅས་བྱས་ཤིང་། སྔོན་དཔག་ལྟར་ན་ལམ་ཐིག་གསར་པ་སྤྱི་ལེ3700ཡས་མས་བསྐྲུན་རྒྱུ་རེད། 

སྤུས་ཚད་མཐོ་བའི་སྒོ་ནས་ཁྲོན་བོད་ལྕགས་ལམ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁྲོན་བོད་ཞིང་ལྗོངས་གཉིས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཨར་སྐྲུན་དང་། བདེ་འཇགས་ཨར་སྐྲུན། ལྗང་མདོག་ཨར་སྐྲུན་བཅས་མཐའ་འཁྱོངས་བྱས་ནས“ཕུག་ལམ་གཉིས་དང་ཟམ་པ་གཅིག”སྔོན་ལ་བསྐྲུན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ་དང་། ཤར་ནུབ་ལམ་དུམ་གཉིས་དང་བར་གྱི་ལམ་དུམ་བུའི་རྩད་ཞིབ་ཇུས་འགོད་དང་ལས་འགོ་འཛུགས་རྒྱུའི་ལས་དོན་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། 

W020210106306558527179.jpg

གཙོ་གནད་རྣམ་གྲངས་ལག་བསྟར་བྱ་རྒྱུར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཤར་གཏོང་སྲུང་སྐྱོབ་དང་། སྐྲུན་བཞིན་པར་འགན་ལེན། ལས་འགོ་འཛུགས་པར་འགན་སྲུང་བཅས་ཀྱི་གོ་རིམ་མཐའ་འཁྱོངས་བྱས་ཏེ། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་དང་། འབྲི་ཆུའི་འགྲམ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་དྲ་བ་སོགས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལས་ཀ་ལེགས་པོར་བསྒྲུབ་པ་དང་། མ་ལམ་རྒྱུད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱས་ཏེ། གཙོ་གནད་རྣམ་གྲངས་སྐོར་ཅིག་ཁྲིམས་ལྟར་ཤར་གཏོང་ཐུབ་པར་འགན་ལེན་ཏན་ཏིག་བྱས་ནས་ལོ་འཁོར་གྱི་མ་དངུལ་གཏོང་བའི་ལས་འགན་དང་ལས་འབོར་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

W020210106306558494270.jpg

འགྲུལ་སྐྱེལ་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ཁྲོམ་ར་མི་འདྲ་བའི་དགོས་མཁོ་སྐོང་རྒྱུའི་ཐད་ཕན་འབྲས་ཐོན་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་འགྲུལ་པ་ཕྱིར་བསྐྱོད་པའི་གནས་ཚུལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། འགྲུལ་སྐྱེལ་གཞི་གྲངས་ཆེན་པོ་བེད་སྤྱོད་གང་ལེགས་བྱས་ཏེ་འགྲུལ་སྐྱེལ་ཐོན་རྫས་མཁོ་སྤྲོད་དང་འགྲུལ་སྐྱེལ་དགོས་མཁོ་གཉིས་འབྲེལ་མཐུད་ཡང་དག་ཡོང་བར་བྱ་དགོས།

W020210106306558579742.jpg

བསྐྱར་དར་རྟགས་ཅན་གྱི་སྤུས་རྟགས་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། བསྐྱར་དར་རྟགས་ཅན་གྱི་འཁོར་སྐྱོད་གཞི་ཁྱོན་རྒྱ་སྐྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གོ་རིམ་ཅན་གྱི་ཞིབ་བཟོ་དང་ཐོན་ལས་ཅན་གྱི་བེད་སྤྱོད་གཏིང་ཟབ་མོ་བྱེད་པ་དང་། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གཏོང་བའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། འཁོར་རྒྱུག་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས་ལ། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་སྐབས་བསྐྱར་དར་རྟགས་ཅན་གྱི་ཕྱི་ནང་གློག་ཁུངས་གཉིས་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།