བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་ཟླ་འདིའི་ནང་འཁོར་སྐྱོར་བྱེད་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་བཞིའི་རིང་འཛུགས་སྐྲུན་དང་བཀོད་སྒྲིག་བྱས་པ་བརྒྱུད། 2021ལོའི་ལོ་གསར་ཚེས་གཅིག་ཉིན་ནས་བཟུང་། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་སྟེ་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཁང་འཁོར་སྐྱོད་བྱེད་འགོ་བརྩམས་ཏེ། རིན་མེད་ངང་མང་ཚོགས་ལ་སྒོ་ཕྱེས་པ་རེད།

བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཁང་ལ་བརྗོད་བྱ་ཆེན་མོ་དྲུག་གིས་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཆེན་མོ་དགུ་ཡི་ཁྲོད་ཁྱབ་ཡོད་ཅིང་། འགྲེམ་སྟོན་ཁུལ19བརྒྱུད་དེ་བོད་ཀྱི་སྐར་རྩིས་དང་། བོད་ཀྱི་གསོ་རིག ཐང་ག བོད་ཤོག བོད་སྤོས། བོད་ཀྱི་ཟློས་གར་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས50འགྲེམ་སྟོན་བྱས་ཡོད།

བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཁང་གི་མཐོ་རིམ་བློ་འདྲི་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ལས་བོད་ལྗོངས་ལ་རང་ཉིད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་། ཉར་ཚགས། ཞིབ་འཇུག སློབ་གསོ། རོལ་མྱོང་། བརྗེ་རེས་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་བསྡུས་པའི་ཆེད་ལས་དངོས་མང་བཤམས་སྟོན་ཁང་ཡོད་པ་མཚོན་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟིན་ཐོ་བཀོད་པའི་ཤེས་བྱ་ཀུན་བཏུས་ཆེན་མོ་དང་འདྲ་བར་ཐེངས་གཅིག་གིས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་ཟེར།

མིག་སྔར། བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཁང་ཚོད་ལྟའི་ཚུལ་དུ་འཁོར་སྐྱོད་བྱེད་འགོ་བརྩམས་པ་དང་། ཚོད་ལྟའི་འཁོར་སྐྱོད་བྱེད་པའི་སྐབས་སུ་གཟའ་ཟླ་བར་སྒོ་རྒྱག་པ་ལས་གཞན། ཉིན་རེའི་ཆུ་ཚོད10དང་སྐར་མ30ནས་ཆུ་ཚོད15བར་གྲོང་མི་དང་གནས་སྐོར་བ་རྣམས་ཀྱིས་རིན་སྟེར་མི་དགོས་པར་ལྟ་སྐོར་བྱས་ཆོག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།