ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་རིང་ལ། ཁྲེང་ཀོན་ཆུས་ཀྱིས་མི་དམངས་གཙོ་བོ་དང་། བཅོས་བསྒྱུར་གསར་གཏོད། ཚན་རིག་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་རླིང་གི་ཆབ་སྲིད་འགན་འཁྲི་དང་དུ་ལེན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཟབ་མོ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཁྲེང་ཀོན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཕྱོགས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དེ་ལྗོངས་ཡོངས་ཀྱི་བྱ་བའི་སྤྱིའི་བཀོད་སྒྲིག་ཁྲོད་བཅུག་ནས། ལས་ཁུངས་སོ་སོ་རྩ་འཛུགས་ཡོད་པའི་སྒོ་ནས། ཕྱོགས་མང་པོ་མཐུན་སྦྱོར་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལེགས་པོར་སྒྲུབ་པས། བྱ་བའི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱས་པ་དང་། ཁྲིམས་ལུགས་ཁྱབ་གདལ་བྱ་བའི་སྡོམ་ཤུགས་གྲུབ། མིག་སྔའི་བར་དུ། ཆུས་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་ཆེད་དོན་ཁྲིམས་ལུགས་སློབ་སྦྱོང་ཐེངས12སྤེལ་བ་དང་། ཁྲིམས་སྐྱོང་འཆད་ཁྲིད་ཐེངས6དང་སློབ་གསོའི་གསོ་སྦྱོང་ཐེངས36སྤེལ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།