འཁོར་ཆུང་གངས་རིའི་འཁྱགས་རོམ་གྱི་མཛེས་ཉམས།

1.jpg


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཁོར་ཆུང་གངས་རིའི་འཁྱགས་རོམ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་གི་མངའ་ཁོངས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི5500ཡོད་ལ་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ160ལྷག་ཡོད། ཅིན་བོད་མྱུར་བགྲོད་གཞུང་ལམ(ལྷ་ས་ནས་ཡངས་པ་ཅན་ལམ་དུམ)ཤར་གཏོང་བྱས་པ་བརྒྱུད། ལྷ་ས་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ལྷག་ཏུ་སོང་བའི་ཚེ་འཁྱགས་རོམ་གྱི་འདབས་སུ་ཐོན་པ་རེད། མིག་སྔར་ས་བབ་མཐོ་ཚད་སྨི5500ཡོད་སར་ཡུལ་སྐོར་པའི་ཉམས་ལེན་བྱེད་པའི་འཁྱགས་རོམ་སྤྱི་གླིང་གསར་སྐྲུན་བྱས་ཡོད་ལ། དེ་ནི་འཁྱགས་རོམ་དང་། སྤང་རི། མཚེའུ་བཅས་མཛེས་ལྗོངས་མང་པོ་གཞི་གཅིག་ཏུ་འདུས་པའི་རང་བྱུང་མཛེས་ལྗོངས་ཁུལ་ཞིག་ཡིན། 








རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།