བོད་ལྗོངས་ཀྱི་རྣམ་གྲངས17སྐོར་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ནང་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། རིག་གནས་དང་གནས་སྐོར་པུའུ་ཡིས་སྐོར་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ཁྲོད་བོད་ལྗོངས་ཀྱི་རྣམ་གྲངས17ཚུད་ཡོད་ཅིང་། བོད་ལྗོངས་རིག་གནས་ཐིན་གཟུགས་འདས་ཤུལ་བཞག་རིག་གནས་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་སུ་བསྡོམས་པས་རྣམ་གྲངས89སྔོན་ཆད་ཀྱི་སྐོར་ཐེངས་བཞི་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་སུ་བདམས་ཐོན་བྱུང་ཡོད་ཟེར། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ཁྲོད། བོད་ཀྱི་གསོ་རིག་དང་མོན་པ་རིགས་ཀྱི་དམངས་གླུ་སོགས་རྣམ་གྲངས17ཁྱབ་བསྒྲགས་མིང་ཐོ་ཁྲོད་ཚུད་ཡོད་ཅིང་། བདམས་ཐོན་བྱུང་ཚད56.67%ལ་སླེབས། བོད་ལྗོངས་ཀྱི་སྐོར་བཞི་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རྣམ་གྲངས་ཀྱི་བདམས་ཐོན་བྱུང་ཚད་དང་བསྡུར་ན། བདམས་ཐོན་བྱུང་ཚད23.53%ཇེ་མཐོར་སོང་ཡོད།

བོད་ལྗོངས་ཀྱི་སྲོལ་རྒྱུན་ཤུལ་བཞག་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཅིང་། ལོ་རྒྱུས་ཡུན་རིང་བ། རྣམ་པ་སྣ་ཚོགས་ཡིན་ཞིང་ཁྱད་ཆོས་མངོན་གསལ་ལྡན་པས། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན། བོད་ལྗོངས་ཀྱི་རྒྱལ་ཁབ་དང་། བོད་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞི་ཡི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་ཐོ་མ་ལག་བཙུགས་ཡོད་ཅིང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཆེན་པོ10འདུས་ཡོད།

བོད་ཀྱི་ཟློས་གར་དང་། གེ་སེར། བོད་ཀྱི་གསོ་རིག་ཀྱི་སྨན་ལུམས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་ཁྲོད་བཅུག་པ་དང་། རྣམ་གྲངས89དང་མི96རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཀྱི་མིང་ཐོ་ནང་ཚུད། རྣམ་གྲངས460དང་མི522བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་ཐོ་ནང་ཚུད། རྣམ་གྲངས480དང་མི334གྲོང་ཁྱེར་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་ཐོ་རུ་ཚུད། རྣམ་གྲངས1554དང་མི716རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་ཐོ་ནང་ཚུད་ཡོད་པ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།